24106

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགའ་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་འཁྲུག་པ་མེད་པས་དྲན་པའི་དགའ་བ། རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པས་བློ་གྲོས་ཀྱི་དགའ་བ། སངས་རྒྱས་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ནས་མངོན་སུམ་དུ་ཆོས་ཐོས་པ་ཡོངས་སུ་ཟད་པར་མི་འགྱུར་བས་རྟོགས་པའི་དགའ་བ། ཕྱོགས་བཅུ་ཚད་མེད་པར་ཁྱབ་པས་བློའི་དགའ་བ། སེམས་ཅན་གྱི་ལུས་སྒོ་མཐའ་ཡས་པ་ཡོངས་སུ་སྟོན་པས་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་བའི་དགའ་བ། ཏིང་ངེ་འཛིན་གྱི་སྒོ་གཅིག་གིས་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་འཇུག་པས་ཏིང་ངེ་འཛིན་གྱི་དགའ་བ། ཐོས་པ་ཐམས་ཅད་འཛིན་པ་ཉམས་པ་མེད་པར་ཀུན་ཏུ་འཛིན་ཅིང༌། སེམས་ཅན་གཞན་གྱི་རྒྱུད་ཀྱིས་འཐོབ་པར་བྱེད་པས་གཟུངས་ཀྱི་དགའ་བ། ཚིག་གཅིག་དང༌། ཡི་གེ་གཅིག་གིས་བསྐལ་པ་བརྗོད་དུ་མེད་པར་གཞན་དང་གཞན་དུ་སྨྲ་ཞིང༌། ངེས་པའི་ཚིག་རྒྱུན་མི་འཆད་པར་རབ་ཏུ་སྟོན་པས་སྤོབས་པའི་དགའ་བ། སེམས་ཅན་ཐམས་ཅད་ཀྱི་ལུས་མཐའ་ཡས་པའི་སྒོའི་རྒྱུད་དུ་མངོན་པར་བྱང་ཆུབ་པ་སྟོན་པས་མངོན་པར་རྫོགས་པར་བྱང་ཆུབ་པའི་དགའ་བ། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པར་ཚར་གཅོད་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དགའ་བའོ། །
Domain ཆོས་ལུགས།

{{#arraymap:དགའ་བ་བཅུ་

|; |@@@ | | }}