24292
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྐྱང་པའི་དགུ་མིག་དྲུག་གི་ནང་གསེས་འདོམ་སྣད་དགུ་མིག་གི་བྱེ་བྲག་ཅིག་སྟེ། བརྩི་བྱ་སུ་ཞིག་ལོ་གྲངས་ཀྱི་ཆ་ནས་རྐྱང་བའི་དགུ་མིག་ཏུ་ཚུད་པ་དེ་ལོ་དེར་བབས་པའི་ལོག་མེན་ལོ་རང་ལོའི་བདུན་ཟུར་དུ་ཁེལ་བ་དང་འདོམ་པའི་འདོམ་སྣད་དགུ་མིག་ལ་ཟེར་བ་ཡིན། དཔེར་ན་རྟ་ལོ་མ་དག་རང་ལོ་དགུར་སོན་དུས་ལ་ཆ་བཞག་ན། ལོ་དེར་བབས་པའི་ལོག་མེན་ལོ་ནི་རང་ལོ་རྟའི་བདུན་ཟུར་བྱི་བ་དང་། ཡང་གླང་ལོ་པ་དག་རང་ལོ་བཅོ་བརྒྱད་དུ་སོན་དུས་ལ་ཆ་བཞག་ན། ལོ་དེར་བབས་པའི་ལོག་མེན་ལོ་ནི་རང་ལོ་གླང་གི་བདུན་ཟུར་ལུག་བཅས་ཡིན་པས། རེབ་འདིར་ཚུད་པའི་མོ་བསྐོར་དགུ་མིག་གི་དགུ་ཚན་གཉིས་པ་གཉིས་དགུ་མིག་ཕུར་གྱིས་འདེབས་པ་ཡིན་པ་ལྟ་བུ་ཡིན། |
Domain | རྩིས་རིག |
{{#arraymap:དགུ་མིག་ཕུར་གྱིས་འདེབས་པ་
|; |@@@ | | }}