24320

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགུང་མཐའ་ཡས་པ་ (1)
Part of speech མིང་ཚིག
Definition གསོན་པས་ཕྱག་ཚང་ནུས་ཀྱང་གཤིན་གྱིས་ཞལ་ཟས་མི་ཆེམས་པ་སྟེ། ཤུལ་ལུས་གསོན་པོ་མང་ཆེ་བའི་ཕྱི་ནང་བར་གསུམ་གང་དུ་བབས་ཡོད་ན། དུས་དེར་འཆི་འཕོས་པའི་གཤིན་པོའི་དེ་གསུམ་གསོན་གྱི་དེ་དག་གི་གྲོགས་སར་བབས་པ་ལ་ཟེར་བ་ཡིན། དེ་ཡང་གསོན་པོ་མང་ཆེ་བའི་ལོག་མེན་ལོ་སྟག་གི་སྟེང་དུ་བབས་ཡོད་ན། དུས་དེར་འཆི་འཕོས་པའི་གཤིན་གྱི་ལོག་མེན་ལོ་ནི་གསོན་ལོ་དེའི་གྲོགས་ས་སྟེ་གཤེད་བཞིའི་སྟེང་དུ་བབས་པ་ལྟ་བུ་ཕྱི་ལོའི་དགུང་མཐའ་ཡང་པ་དང་། གསོན་པོ་མང་ཆེ་བའི་བབས་སྤར་ལིར་བབས་ཡོད་ན། དུས་དེར་འཆི་འཕོས་པའི་གཤིན་གྱི་བབས་སྤར་གསོན་སྤར་དེའི་གྲོགས་ས་སྟེང་དྭའི་སྟེང་དུ་བབས་པ་ལྟ་བུ་ནང་སྤར་ཁའི་དགུང་མཐའ་ཡས་པ། གསོན་པོ་མང་ཆེ་བའི་བབས་སྨེ་དཀར་གསུམ་ལ་བབས་ཡོད་ན། དུས་དེར་འཆི་འཕོས་པའི་གཤིན་གྱི་བབས་སྨེ་གསོན་སྨེ་དེའི་གྲོགས་ས་སྟེ་བཞི་ལྗང་སྟེང་དུ་བབས་ལྟ་བུ་བར་སྨེ་བའི་དགུང་མཐའ་ཡས་པ་བཅས་ཡིན།
Domain རྩིས་རིག