24389

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགེ་བ་ (1)
Part of speech མིང་ཚིག
Definition མདོ། བཀྲས་ལྷུན་ཐོས་གླིང་ཡིག་ཆར། ལུང་དུ་བསྟན་པ་གང་ཞིག་རྣམ་སྨིན་དཀར་བའི་རིགས་སུ་གནས་པ།
Domain ཆོས་ལུགས།
དགེ་བ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ལུང་དུ་བསྟན་པ་ཡང་ཡིན། རང་འབྲས་རྣམ་སྨིན་ཡིད་འོང་འབྱིན་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དགེ་བའི་མཚན་ཉིད། གཉིས་པ་ནི། དེ་ལ་སྒྲས་བརྗོད་ཀྱི་སྒོ་ནས་དབྱེ་ན། དོན་དམ་པའི་དགེ་བ། ངོ་བོ་ཉིད་ཀྱི་དགེ་བ། མཚུངས་ལྡན་གྱི་དགེ་བ། ཀུན་སློང་གི་དགེ་བ་དང་བཞི། དང་པོ་ནི། སྟོང་ཉིད་དང༌། མྱང་འདས་ལྟ་བུ། གཉིས་པ་ནི། དད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་རྣམས་ལྟ་བུ། གསུམ་པ་ནི། དེ་དག་དང་མཚུངས་ལྡན་གྱི་སེམས་བྱུང་ལྟ་བུ། བཞི་པ་ནི། དགེ་བའི་ལས་ཀྱི་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ལྟ་བུའོ། །དང་པོ་དེ་དགེ་བ་བཏགས་པ་བ་ཡིན་ནོ། །
དགེ་བ་ (3)
Part of speech མིང་ཚིག
Definition དགེ་མི་དགེ་ལུང་མ་བསྟན་གསུམ་གང་རུང་གང་ཞིག བདེ་བ་འབྱིན་པའི་རིགས་སུ་གནས་པ་དེ། དགེ་བའི་མཚན་ཉིད། དགེ་བ་དེ་ལ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དོན་དམ་པའི་དགེ་བ་དང༌། ངོ་བོ་ཉིད་ཀྱི་དགེ་བ། མཚུངས་ལྡན་གྱི་དགེ་བ། ཀུན་སློང་གི་དགེ་བ་དང་བཞི་ཡོད། ཐར་པ་དང་འགོག་བདེན་རྣམས་དང་པོ་ཡིན། དགེ་བར་གྱུར་པའི་སེམས་སེམས་བྱུང་རྣམས་གཉིས་པ་དེ་ཡིན། དེ་དང་མཚུངས་ལྡན་གྱི་སེམས་བྱུང་རྣམས་གསུམ་པ་དེ་ཡིན། དགེ་བའི་བློས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་རྣམས་བཞི་པ་དེ་ཡིན། ཡང༌། དགེ་བ་ལ་དབྱེ་ན་བཅུར་ཡོད་དེ། དེ་ལ་ལུས་ཀྱི་དགེ་བ་གསུམ། ངག་གི་དགེ་བ་བཞི། ཡིད་ཀྱི་དགེ་བ་གསུམ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གསུམ་ཡོད་དེ། སྲོག་གཅོད་སྤངས་པའི་ལུས་ཀྱི་དགེ་བ། མ་བྱིན་ལེན་སྤངས་པའི་ལུས་ཀྱི་དགེ་བ། མི་ཚངས་སྤྱོད་སྤངས་པའི་ལུས་ཀྱི་དགེ་བ་རྣམས་སུ་ཡོད་པའི་ཕྱིར། ངག་གི་དགེ་བའི་ལས་དེ་ལ་ཡང་བཞི་ཡོད་དེ། བརྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་པོ་རེ་རེ་ནས་སྤངས་པར་གྱུར་པའི་ངག་གི་དགེ་བའི་ལས་བཞིར་ཡོད་པའི་ཕྱིར། ཡིད་ཀྱི་དགེ་བའི་ལས་དེ་ལ་ཡང་གསུམ་ཡོད་དེ། དེ་ལ་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་པོ་རེ་རེ་ནས་སྤངས་པར་གྱུར་པའི་ཡིད་ཀྱི་དགེ་བའི་ལས་གསུམ་དུ་ཡོད་པའི་ཕྱིར། ཡིད་ཀྱི་བྱ་བར་གྱུར་པའི་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་པོ་དེ་ལས་ལམ་ཡིན་ཅིང་ལས་མིན་ཏེ། དེ་རྣམས་ཉོན་མོངས་ཡིན་པའི་ཕྱིར་དང༌། ལུས་ཀྱི་བྱ་བར་གྱུར་པའི་སྲོག་གཅོད་སོགས་གསུམ་དང༌། ངག་གི་བྱ་བར་གྱུར་པའི་བརྫུན། ཕྲ་མ་སོགས་བཞི་སྟེ་བདུན་པོ་ལས་དང་ལས་ལམ་གཉིས་ཀ་ཡིན་པ་དང༌། ཡིད་ཀྱི་བྱ་བར་གྱུར་པའི་བརྣབ་སེམས་སོགས་གསུམ་པོ་དེ་ལས་ལམ་ཡིན་ཅིང༌། ལས་མིན་པར་མཛོད་ལས་བཤད་པའི་ཕྱིར་ཏེ། དེ་ཉིད་ལས། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །ཞེས་གསུངས་པའི་ཕྱིར། དགེ་བ་ཡིན་ན། དགེ་བའི་ལས་ཡིན་པས་མ་ཁྱབ་སྟེ། ལུས་ཀྱི་སྒོ་ནས། དཀོན་མཆོག་ལ་ཕྱག་འཚལ་བ་བསྐོར་བ་བྱེད་པ་སོགས་ལུས་ཀྱི་དགེ་བ་ཡིན། ངག་གི་སྒོ་ནས། དཀོན་མཆོག་གི་ཡོན་ཏན་བརྗོད་པའི་ཚིགས་རྣམས་ཀྱང་ངག་གི་དགེ་བ་ཡིན་པ་གང་ཞིག ལས་ཡིན་ན་སེམས་བྱུང་ཡིན་དགོས་པའི་ཕྱིར།
དགེ་བ་ (4)
Part of speech མིང་ཚིག
Definition ལས་ཀྱི་རྣམ་སྨིན་ཡིད་དུ་འོང་བ་བདེ་བ་མྱོང་བ་དང་གཏན་དུ་སྡུག་བསྔལ་ལས་སྐྱོབ་པ་མྱང་འདས་ཐོབ་བྱེད་ནི་དགེ་བའོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། ལུང་དུ་བསྟན་པ་གང་ཞིག་སྐྱེས་བུ་དམ་པས་བསྔགས་པར་འོས་པ་དེ་དགེ་བའི་མཚན་ཉིད། དབྱེ་བ་ནི། དོན་དམ་པའི་དགེ་བ་དང་། ངོ་བོ་ཉིད་ཀྱི་དགེ་བ་དང་། མཚུངས་ལྡན་གྱི་དགེ་བ་དང་། ཀུན་སློང་གི་དགེ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
དགེ་བ་ (5)
Part of speech མིང་ཚིག
Definition སྡིག་པའི་ལྡོག་ཕྱོགས་ལེགས་སྤྱད་དམ། སྤྱོད་པ་བཟང་པོ་རང་འབྲས་ཡིད་འོང་འབྱིན་བྱེད་ཡིན་པའི་ཆ་ནས་རྣམ་སྨིན་ལུང་དུ་བསྟན་པར་བཞག་པའི་ཆོས་ཤིག་སྟེ། ལས་བདེ་བ་ནི་དུས་རེ་ཞིག་དང་གཏན་དུ་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་དགེ་བ་ཡིན་ཏེ། འབྲས་བུ་ཡིད་དུ་འོང་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །དབྱེ་ན། དགེ་བ་བཅུ་དང་དགེ་བ་བཅུ་གཅིག་དང་དགེ་བ་བཞི་སོགས་ཡོད།
Antonyms སྡིག་པ།
དགེ་བ་ (6)
Part of speech མིང་ཚིག
Definition སྦྱོར་བ་ཉེར་བདུན་གྱི་ནང་གསེས་ཤིག
Domain རྩིས་རིག
དགེ་བ་ (7)
Part of speech མིང་ཚིག
Definition གྲངས་ཀ་བཅུ་པའི་དོན་ཏེ། དགེ་བ་བཅུ་ཡོད་པས་གྲངས་བཅུ་མཚོན་པ་ཡིན།
Type མངོན་བརྗོད།
དགེ་བ་ (1)
Part of speech རྒྱན་ཚིག
Definition ལེགས་པ་དང་བཀྲ་ཤིས་པའི་དོན་ཏེ།
Example ཁ་ལས་དགེ་བ་ལྟ་བུ།