24432

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགེ་བའི་བཤེས་གཉེན་གྱི་དབྱེ་བ་བཞི་ (1)
Part of speech མིང་ཚིག
Definition ༡ དེ་དག་ཀྱང་རང་གི་གནས་སྐབས་བཞི་དང་སྦྱར་ཏེ་རང་ཉིད་ལས་དང་པོ་བའི་དུས་སུ་སངས་རྒྱས་དང་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟེན་པའི་ནུས་པ་མེད་པས། དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོ་ལ་བསྟེན་པའོ། །༢ རང་ལས་ཀྱི་སྒྲིབ་པ་ཕལ་ཆེར་ཟད་ཙ་ན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བསྟེན་པར་ནུས་པའོ། །༣ རང་ཚོགས་ལམ་ཆེན་པོ་ཡན་ཆད་ལ་གནས་ཙ་ན་དགེ་བའི་བཤེས་གཉེན་སངས་རྒྱས་སྤྲུལ་པའི་སྐུ་ལ་བསྟེནཔར་ནུས་པའོ། །༤ རང་ས་ཆེན་པོ་ལ་གནས་ཙ་ན་དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟེན་པར་ནུས་པའོ། །
Domain ཆོས་ལུགས།