24637
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་བྱུང་བ་སྟེ། ༡ ཚུལ་ཁྲིམས་འཆལ་པ་དང་འདྲེས་པའི་དགེ་འདུན་ནི། དེས་ཟློག་པར་བྱེད་དེ། ཚུལ་ཁྲིམས་འཆལ་པ་དང་འདྲེས་པའི་དགེ་འདུན་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་པ་རྣམས་འབའ་ཞིག་དང་མཐུན་པར་བྱེད། དེ་དག་ཚར་གཅོད་པར་མི་བྱེད་ཅིང་ཟང་ཟིང་གི་ཕྱིར་དེ་དག་དང་ལྷན་ཅིག་ཏུ་སྤྱོད་པར་མཐུན་པ་གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྡན་དུ་ཟིན་ཀྱང་དེ་དག་དང་ལྷན་ཅིག་ཏུ་གནས་པས་ཚུལ་ཁྲིམས་འཆལ་པ་ཁོ་ན་ཡིན་པའི་གྲངས་སུ་འགྲོ་བར་འགྱུར་རོ། འདི་ནི། ཚུལ་ཁྲིམས་འཆལ་པ་དང་འདྲེས་པ་ཞེས་བྱ་སྟེ། དེའི་ཚུལ་མེད་པ་བཟློག་པར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ། ། ༢ བྱིས་པའི་དགེ་འདུན་ཞེས་བྱ་བ་ནི། དགོན་པ་བ་དང་། བསོད་ནམས་ཞན་པ་དང་། རྨུགས་པ་རྣམས་ཡིན་ཏེ། སྐབས་དབྱེ་བ་དང་། གསོ་སྦྱོང་རྣམས་ཀྱི་དུས་སུ་རང་གི་འཁོར་ཉི་ཚེ་དག་པར་བྱེད་ཀྱི། ཚུལ་ཁྲིམས་འཆལ་པ་རྣམས་དག་པར་མི་བྱེད་པར་དེ་དག་དང་ལྷན་ཅིག་ཏུ་འདྲེ་བར་གནས་པ་དེ་ནི། བྱིས་པའི་དགེ་འདུན་ཞེས་བྱ་སྟེ། རྨུགས་པ་དེ་དག་གི་ཚུལ་མ་ཡིན་པ་སེལ་བར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ། ། ༣ རང་བཞིན་གྱི་དགེ་འདུན་ནི། བདུད་བྱེ་བ་སྙེད་ཀྱིས་མི་ཤིགས་པ་ཡིན་ཏེ། དེ་ནི། བྱང་ཆུབ་སེམས་དཔའི་དགེ་འདུན་རང་བཞིན་གྱིས་རྣམ་པར་དག་པའོ། ། |
| Domain | ཆོས་ལུགས། |