24641

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགེ་འདུན་ལྷག་མ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་འདུན་ལྷག་མའི་མཚན་ཉིད་ནི། ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་དགེ་འདུན་ལྷག་མའི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །རང་གི་ངོ་བོའི་ཆ་ནས་ཞེས་པ་ནི་ལུང་ལས་ལྷག་མ་བྱུང་ནས་ཕམ་པ་འཆབ་བཅས་བྱུང་ན་ལྷག་མ་དེ་ཕྱིར་བཅོས་ཀྱང་མི་འདག་པར་གསུངས་པ་དེ་སེལ་ལོ། །མཚན་ཉིད་འདི་ལ་མཚོན་བྱས་ཁྱད་པར་དུ་བྱས་པའི་མཚན་ཉིད་རང་ལྡོག་རྫས་སུ་མ་གྲུབ་ཀྱི་སྐྱོན་མེད་དེ། མིང་མཚོན་བྱས་ཁྱད་པར་དུ་བྱས་ཀྱང་དོན་མཚོན་བྱས་ཁྱད་པར་དུ་མ་བྱས་པའི་ཕྱིར་རོ། །སྒྲ་བཤད་ནི། རྣམ་འབྱེད་ལས་ལྟུང་བ་དེ་དགེ་འདུན་ལས་རྣམ་པར་ལྡང་བར་འགྱུར་གྱི་གང་ཟག་ལས་མ་ཡིན་ནོ་འདི་ནི་ལྷག་མ་དང་བཅས་པ་ཡིན་ཏེ་དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མཚན་ཉིད་ནི། བསྙེན་པར་རྫོགས་པའི་རྒྱུད་ཀྱི་དངོས་གཞིའི་ལྟུང་བ་གང་ཞིག ངོ་བོའི་ཆ་ནས་དབྱུང་བས་ཁྱོད་ལས་སློང་དུ་རུང་པའི་རིགས་ཡིན་ལ། ཡང་ན་གང་ཞིག་ངོ་བོའི་ཆ་ནས་ཕམ་པ་ལས་ཡང་ཞིང་སྤང་བ་སོགས་ལས་ལྕི་བའི་རིགས་ཡིན་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། མཚན་ཉིད་ནི། དེའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག ལྷག་མའི་མིང་གི་ཕྱིར་བཅོས་བྱས་ན་འདག་དུ་རུང་བའོ། །དབྱེ་ན། ཐུན་མོང་བ་དང། ཐུན་མོང་མ་ཡིན་པའོ། །མཚན་ཉིད་ནི། དེའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག ཕ་མ་གཉིས་ཀའི་རྟེན་ལ་ལྷག་མར་བཅས་པའོ། །ཞེས་དང། དེའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག ཕའི་རྟེན་ལ་ལྷག་མར་མ་བཅས་པའོ། །དེའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག མའི་རྟེན་ལ་ལྷག་མར་མ་བཅས་པའོ། །དེ་དག་ལ་དབྱེ་ན་ཕ་ལ་བཅུ་གསུམ་དང། མ་ལ་ཉི་ཤུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། །
Domain ཆོས་ལུགས།