24672

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགེ་རེ་གྲགས་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ཤིང་ཡོས་ཕྱི་ལོ ༡༥༥༥ ལོར་དབུ་སྟོད་དགེ་རེ་གྲོང་དུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ངམ་རིང་དུ་རབ་འབྱམས་པའི་གྲྭ་སྐོར་མཛད། རྒྱུད་སྟོད་ཀྱི་འཆད་ཉན་པ་དང་། ཤར་སྤྲས་རིན་ཆེན་བྲག་སོགས་ཀྱི་ཞལ་འཛིན་མཛད། བདུན་ཅུ་བ་རབ་བྱུང་བཅུ་བའི་ཆུ་ཕག་ཕྱི་ལོ ༡༦༢༣ ལོར་དགའ་ལྡན་གསེར་ཁྲིར་ཕེབས། གསེར་ཁྲི་ལོ་ལྔའི་རིང་བསྐྱངས། མདོ་སྔགས་འཆད་ཉན་ལེགས་པར་མཛད། སློབ་བུ་མང་དུ་བསྐྱངས། དོན་གསུམ་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས་ཕྱི་ལོ ༡༦༢༧ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་སོ་གསུམ་པ་ཡིན།