24684
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་སློབ་མ་དང་གྲོགས་བཙལ་ཅིང་བསྟེན་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དམར་སྨུག་ཡིད་འོང་གཏོང་ཕོད་ལྡན། དགེ་ལ་གྲོགས་བྱེད་བློན་མོའི་གྲོགས། མཚན་དང་ལྡན་པ་བླང་བའི་རིགས། ཞེེས་པས། དེ་ལ་ཡང་ལུས་མདོག་དམར་སྨུག་ལ་ཡིད་དུ་འོང་བ་སྤྱི་བོར་གཙུག་ཕུད་དང་ལྡན་ཞིང་། རྣམ་དཀར་དགེ་བའི་ལས་ལ་སྡོང་གྲོགས་སུ་བྱེད་པའི་མཚན་དང་ལྡན་པའི་རིགས་མ་ལ་བཤད་དོ། ། |
| Domain | ཆོས་ལུགས། |