24693
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ཡབ་སྲས་ཀྱིས་སྲོལ་གཏོད་ཅིང་གོང་དུ་སྤེལ་བའི་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་རིང་ལུགས། ཐུའུ་བཀྭན་བློ་བཟང་ཉི་མས་དགེ་ལུགས་པའམ་དགའ་ལྡན་པ་ཞེས་པ་ནི་གདན་སའི་མིང་གིས་བཏགས་པ་སྟེ། རྗེ་རིན་པོ་ཆེས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས་སྐུ་ཚེ་སྨད་དུ་དེར་སྟན་ཆགས་པར་བཞུགས་པ་ལ་བརྟེན་ནས། རྗེའི་རིང་ལུགས་ལ་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད་པ་བྱུང་། དེ་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་དགའ་ལུགས་པ་ཞེས་ཟེར་བ་མ་བདེ་བས། དགེ་ལུགས་པ་ཞེས་འབོད་པ་རྒྱུན་ཆགས་པ་ཡིན་ནོ་ཞེས་གསུངས། |