24698
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གསས་མཁར་སྤྱི་སྤུངས་ཞི་བའི་ལྷ་ཚོགས་ཀྱི་ཁོངས་སུ་བདེར་གཤེགས་རིགས་ལྔའི་ནང་ཚན་གྱི་ཞི་ལྷ་ཞིག་ཡིན་ལ། གནས་ནི། དཀྱིལ་འཁོར་བྱང་ཕྱོགས་ཀུན་འབྱུང་གསས་མཁར་ལ། གདན་ཁྲི་ནི། ཤུགས་ཆེན་གཡུ་རྟའི་ཁྲི་རུ་བཞུགས་སོ། །སྐུ་ཡི་ཆ་བྱད་ནི། སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་པ། དབུ་ལ་གཡུའི་ཟེ་པྲོག་ལ་འཁོར་ལོའི་ཐོད་ལྡིང་ཅན། སྐུ་ལ་ཆུ་དར་ན་བཟའ་ལ་རིན་ཆེན་ཧ་ཡིས་བརྒྱན་པ་གསོལ་བ། གཡས་པས་གཡུའི་ཆག་ཤིང་། གཡོན་པས་གཡུའི་འཁོར་ལོ་བསྣམས་སོ། །ཡུམ་ནི་རླུང་གི་ལྷ་མོ་ཀུན་སྒྲོལ་མ་སྐུ་ལ་འཁྲིལ་བ། འཁོར་ནི་ལས་ཀྱི་རིགས་ཀྱི་བདེར་གཤེགས་ལྷ་དང་ལྷ་མོ་མང་པོས་བསྐོར་བའོ། །ཕྲིན་ལས་ནི། ཐུགས་ལས་འོད་ཟེར་སྤྲོ་བསྡུ་ཡིས་སེམས་ཅན་རྣམས་ལ་ཉོན་མོངས་པ་རྣམས་ང་རྒྱལ་གྱི་དྲེགས་པ་འཇོམས་པར་མཛད་དེ་མཉམ་ཉིད་ཁྱབ་བདལ་གྱི་བོན་སྟོན་ནོ། །གཞན་ཡང་སྐུ་གསུང་ཐུགས་སོགས་ཀྱི་ཕྲིན་ལས་ནི། སྐུ་ལ་ཕྱག་རྒྱ། གསུང་ལ་འཛབ་དབྱངས། ཐུགས་ལ་འོད་ཟེེར། ལེགས་པའི་ཡོན་ཏན། ལྷུན་འགྲུབ་ཕྲིན་ལས་བཅས་ཡོངས་སུ་རྫོགས་པར་མངའ་བའི་བདག་ཉིད་དོ། ། ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷན་ནེ་འདུ་འདུ་དགེ་ཨཱོྃ། ཞེས་པའམ་བསྡུས་ན་དགེ་ཨཱོྃ། ཞེས་པ་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ་མཚོན། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པར་མཚོན། ལྷན་ནེ་ཐབས་སུ་མཚོན། ཨཱོྃ་ནི་སྤྱིར་རྫོགས་སྐུ་མཚོན་ལ་ལུས་གནས་ཀུན་ཁྱབ་ཅིང་གནས་པར་བཤད་པས་འདིར་དགེ་དང་སྦྱར་བས་བསྐྱེད་བྱ་རྫོགས་སྐུ་དགེ་ལྷ་གར་ཕྱུག་མཚོན་པའོ། །ལྷ་སྐུ་ཡིག་འབྲུའི་གནས་ཡུལ་ནི། ལུས་ཀྱི་གློ་བའི་རྩ་ལ་གནས་སོ། །བྱེད་ལས་ནི། འདུ་བྱེད་ཀྱི་ཕུང་པོའི་བདུད་བཅོམ་ནས་དགེ་ལྷ་གར་ཕྱུག་བསྐྱེད་པའི་ས་བོན་བྱེད་དོ། །འདི་དག་གི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ངོ་བོ་ཉིད་སྐུ་དང་གར་གསས་བཙན་པོའི་སྐུ་རུ་འཐོབ་ལ། མ་རྟོགས་ན་ལྷ་མིན་གྱི་ཞིང་དུ་ཤར་བར་གསུངས་སོ། །དེ་དག་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་དག་ལས་བཏུས་སོ། ། གཞན་ཡང་། མདོ་འདུས་ལས། ལྷ་འདིའི་སྐུ་མདོག་ཕྱག་མཚན་སོགས་གསུངས་ཚུལ་ནི། མདོ་འདུས་ལས། མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས་ཀྱི་གཙོ། སྐུ་མདོག་སྔོ་གསལ་རིན་ཆེན་ཞགས་པ་འཛིན། མཚན་དང་དཔེ་བྱད་ལོངས་སྤྱོད་རྫོགས། རྒེ་ལ་༼དགེ་ལྷ༽གར་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། ཅེས་གསུངས་སོ། །སྒྲ་བཤད་ནི། དགེ་བའི་ཡོན་ཏན་ཐམས་ཅད་སེམས་ལས་བྱུང་བས་དགེ་ལྷ་གར་ཕྱུག ཅེས་སོ། ། |
| Domain | ཆོས་ལུགས། |