From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དགེ་སོགས་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། དགེ་བ་དང་མི་དགེ་བ་དང་དེ་གཉིས་གང་ཡང་མ་ཡིན་པའི་ཆོས་རྣམ་པ་གསུམ་ལ་ཟེར། ཕར་ཕྱིན་སྤྱི་དོན་ལས། སྐབས་འདིར་མཐའ་དཔྱད་པ་ལ་གསུམ་ཡོད་དེ། དགེ་སོགས་གསུམ་བཤད་པ། ཟག་བཅས་ཟག་མེད་གྱི་དོན་བཤད་པ། དམིགས་པའི་ཁྱད་པར་བྱེ་བྲག་ཏུ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལུང་དུ་བསྟན་པ་གང་ཞིག་རང་འབྲས་རྣམ་སྨིན་བདེ་བ་འབྱིན་བྱེད་ཀྱི་རིགས་སུ་གནས་པ་དགེ་བ་དང། དེ་གང་ཞིག རང་འབྲས་རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཀྱི་རིགས་སུ་གནས་པ་མི་དགེ་བ་དང། དགེ་མི་དགེ་གང་རུང་མ་ཡིན་པའི་ཆོས་ལུང་མ་བསྟན་གྱི་ངོ་བོར་འཇོག་པའི་ཕྱིར། དགེ་བ་ལ་དབྱེ་ན། དུ་མར་ཡོད་དེ། དོན་དམ་པའི་དགེ་བ། ངོ་བོ་ཉིད་ཀྱི་དགེ་བ། མཚུངས་ལྡན་གྱི་དགེ་བ། ཀུན་སློང་གི་དགེ་བ། རྗེས་འབྲེལ་གྱི་དགེ་བ་རྣམས་སུ་ཡོད་པའི་ཕྱིར། མི་དགེ་བ་ལ་ཡང་དབྱེ་བ་དུ་མར་ཡོད་དེ། སྔ་མ་བཞིན་དུ་ཡོད་པའི་ཕྱིར། ལུང་མ་བསྟན་ལ་དབྱེ་ན། དུ་མར་ཡོད་དེ། སྔ་མ་བཞིན་དུ་ཡོད་པའི་ཕྱིར། ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས་ནི། ལུང་དུ་བསྟན་པ་གང་ཞིག བདེ་བ་སྐྱེད་བྱེད་ཀྱི་རིགས་སུ་གནས་པ། དགེ་བའི་མཚན་ཉིད། དེ་གང་ཞིག སྡུག་བསྔལ་སྐྱེད་བྱེད་ཀྱི་རིགས་སུ་གནས་པ། མི་དགེ་བའི་མཚན་ཉིད། དགེ་མི་དགེ་གང་རུང་དུ་མ་གྲུབ་པའི་ཆོས། ལུང་མ་བསྟན་གྱི་མཚན་ཉིད་ཡིན། ཞེས་གསུངས།
|
| Domain
|
ཆོས་ལུགས།
|
དགེ་སོགས་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
དེ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ཁྱད་པར་ཡོད་དེ། དད་སོགས་དབང་པོ་ཕྱི་མ་བརྒྱད་དགེ་བ་ཁོ་ན་དང་། ཡིད་མི་བདེ་བའི་དབང་པོ་ལ་དགེ་མི་དགེ་རྣམ་པ་གཉིས་ཅར་ཡོད་པ་དང་། ཡིད་དང་ཚོར་བ་གཞན་བཞི་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཅར་ཡོད་པ་དང་། གཞན་གཟུགས་ཅན་གྱི་དབང་པོ་བདུན་སྲོག་དབང་དང་བརྒྱད་ལ་ནི་ལུང་མ་བསྟན་གཅིག་པུར་ངེས་པའི་ཕྱིར། དང་པོ་གྲུབ་སྟེ། རང་འགྲེལ་ལས། དགེ་བ་བརྒྱད། དད་པ་ལ་སོགས་པ་ལྔ་དང་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་མོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རང་འགྲེལ་ལས། ཡིད་མི་བདེ་བ་རྣམ་པ་གཉིས་དགེ་བ་ཡང་ཡིན་མི་དགེ་བ་ཡང་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། དེ་ཉིད་ལས། ཡིད་དང་ཚོར་གཞན་ནི། །རྣམ་གསུམ། །གཞན་ནི་རྣམ་པ་གཅིག གཞན་དེ་གང་ཞེ་ན། མིག་ལ་སོགས་པ་དང་། བརྒྱད་པ་སྲོག་སྟེ། དེ་དག་ནི་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར།
|