24708

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགེ་སྡིག་འདྲེས་མ་སྤང་བའི་ཆོས་དྲུག་ (1)
Part of speech མིང་ཚིག
Definition མི་རྟག་བརྒྱུད་ལ་སྐྱེས་ཀྱང་སྒྲུབ་པ་ལེ་ལོས་འཁྱེར། ། དད་པ་ཤེས་རབ་འཛེམ་ཡང་བྱ་བའི་སྐབས་མི་རྙེད། །ཚེ་འདི་དགོས་མེད་ཤེས་ཀྱང་འཇིག་རྟེན་བློས་མི་ཐོང། །ཟབ་མོའི་གདམས་པ་ཡོད་ཀྱང་ཉམས་ལེན་ཡིད་སྨོན་ལུས། །ཐོས་བསམ་ཤེས་རྒྱ་ཆེ་ཡང་རང་གཞན་ཕན་མི་ཐོགས། །གནས་ལུགས་ལྟ་བ་གོ་ཡང་ཐ་མལ་ངང་དུ་འཆི། །དེ་འདྲའི་དབང་དུ་མ་སོང་ཤིན་ཏུ་གཟབ་པར་བྱ། །
Domain ཆོས་ལུགས།
དགེ་སྡིག་འདྲེས་མ་སྤང་བའི་ཆོས་དྲུག་ (2)
Part of speech མིང་ཚིག
Definition བཅུད་མེད་ཆགས་སྡང་འཕེལ་བའི་སློབ་དཔོན་མ་བསྟེན་ཅིག ། སྣོད་མེད་ཉེས་སྐྱོན་རྟོགས་པའི་སློབ་མ་མ་བསྟེན་ཅིག ། མི་དགེ་སྡིག་པ་བསགས་པའི་དགེ་བ་མ་བྱེད་ཅིག ། བཀུར་སྟི་ཁ་ལན་རེ་བའི་སྦྱིན་པ་མ་བཏང་ཅིག ། ཟས་ནོར་ཉེ་འབྲེལ་གསོ་བའི་མཆོད་པ་མ་བྱེད་ཅིག ། གཡོ་སྒྱུས་རྙེད་པ་འཚལ་བའི་ཆོས་བཤད་མ་བཏང་ཅིག ། འདི་ལ་ཉན་ན་ཆོས་དང་མཐུན་པར་འོང༌། །