24770

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགེ་སློང་གསང་སྟོན་མའི་དྲི་བ་ཞེ་བརྒྱད་ (1)
Part of speech མིང་ཚིག
Definition འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། ༡ ཁྱོད་བུད་མེད་དམ། ༢ བུད་མེད་ཀྱི་དབང་པོ་དང་ལྡན་ནམ། ༣ ཁྱིམ་ན་གནས་པ་ལོ་བཅུ་གཉིས་པའམ། གཞོན་ནུ་མ་ལོ་ཉི་ཤུ་ཚང་ངམ། ༤ ཆོས་གོས་ལྔ་དང་། ལྷུང་བཟེད་རྣམས་དང་ལྡན་ནམ། ༥ ཕ་མ་དང་། ཁྱིམ་ཐབ་རྣམས་གསོན་ནམ། ༦ ཕ་དང་མ་དང་ཁྱོ་རྣམས་ཀྱིས་གནང་ངམ། ༧ བྲན་མོ་མ་ཡིན་ནམ། ༨ ཕྲོགས་པ་མ་ཡིན་ནམ། ༩ བརྐུས་པ་མ་ཡིན་ནམ། ༡༠ བཙོང་བ་མ་ཡིན་ནམ། ༡༡ རྙེད་བཙོན་མ་ཡིན་ནམ། ༡༢ གཞན་གྱིས་ཆགས་པ་མེད་དམ། ༡༣ སྤྲུལ་པ་མ་ཡིན་ནམ། ༡༤ དུད་འགྲོ་མ་ཡིན་ནམ། ༡༥ རྒྱལ་པོ་ལ་གཙེས་པ་མ་ཡིན་ནམ། ༡༦ རྒྱལ་པོ་དང་འཁོན་པ་མ་ཡིན་ནམ། ༡༧ རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ་ཡིན་ནམ། ༡༨ མི་སྲུན་པ་མ་ཡིན་ནམ། ༡༩ མྱ་ངན་གྱིས་གདུངས་པ་མ་ཡིན་ནམ། ༢༠ སྦྲུམ་མ་མ་ཡིན་ནམ། ༢༡ མཚན་མེད་པ་མ་ཡིན་ནམ། ༢༢ མཚན་གཉིས་པ་མ་ཡིན་ནམ། ༢༣ སླེ་འདམས་པ་མ་ཡིན་ནམ། ༢༤ རྟག་ཏུ་ཁྲག་འཛག་པ་མ་ཡིན་ནམ། ༢༥ ཁྲག་མེད་པ་མ་ཡིན་ནམ། ༢༦ མཚན་མ་ཙམ་ཡོད་པ་མ་ཡིན་ནམ། ༢༧ དགེ་སློང་བསླུས་པ་མ་ཡིན་ནམ། ༢༨ ཕ་བསད་པ་མ་ཡིན་ནམ། ༢༩ མ་བསད་པ་མ་ཡིན་ནམ། ༣༠ དགྲ་བཅོམ་པ་བསད་པ་མ་ཡིན་ནམ། ༣༡ དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། ༣༢ མུ་སྟེགས་ཅན་མ་ཡིན་ནམ། ༣༣ མུ་སྟེགས་ཅན་དུ་འགྲོ་བ་མ་ཡིན་ནམ། ༣༤ རྐུན་པོའི་རྒྱལ་མཚན་ཅན་མ་ཡིན་ནམ། ༣༥ རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ༣༦ སོ་སོར་གནས་པ་མ་ཡིན་ནམ། ༣༧ མི་གནས་པ་མ་ཡིན་ནམ། ༣༨ ཅི་ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། དེ་སྟེ་རབ་ཏུ་བྱུང་བའོ་ཞེས་སྨྲ་ན། འོ་ན་སླར་ཞིག་ཅེས་སྨྲོས་ཤིག དེ་སྟེ་རབ་ཏུ་མ་བྱུང་ངོ་ཞེས་སྨྲ་ན། ཅི་ཁྱོད་ཀྱིས་ད་ལྟར་རབ་ཏུ་བྱུང་ངམ། བྱུང་ངོ་། །༣༩ ཅི་ཁྱོད་ཀྱིས་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་དམ། སྤྱད་དོ། །༤༠ ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་གསོལ་ཏམ། གསོལ་ཏོ། །༤༡ ཁྱོད་ཀྱིས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་བསླབས་སམ། བསླབས་སོ། །༤༢ ཁྱོད་ལ་དགེ་སློང་མའི་དགེ་འདུན་གྱིས་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་ཕོག་གམ། ཕོག་གོ ། ༤༣ ཁྱོད་ལ་དགེ་སློང་མའི་འདུན་གྱིས་སྔར་བྱ་བའི་ལས་རྣམས་བྱས་སམ། བགྱིས་སོ། །༤༤ ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་རྣམས་ཀྱི་སེམས་གུས་པར་བྱས་སམ། གུས་པར་བགྱིས་སོ། །༤༥ བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ། ཡོངས་སུ་དག་གོ ། ༤༦ ཁྱོད་ལ་གཞན་གྱི་བུ་ལོན་མང་ཡང་རུང་། ཉུང་ཡང་རུང་ཆགས་པ་མེད་དམ། མེད་དོ། །༤༧ ཁྱོད་ཀྱི་མིང་ཅི། ཁྱོད་ཀྱི་མཁན་མོའི་མིང་ཅི། བདག་གི་མིང་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་མོའི་མིང་འདི་ཞེས་བགྱིའོ། །༤༨ ཁྱོད་མིང་འདི་ཞེས་བགྱི་བ་ཉོན་ཅིག བུད་མེད་ཀྱི་ལུས་ལ་གནོད་པར་འགྱུར་བ་ལུས་ཀྱི་ནད་འདི་འདྲ་བ་ཡོད་དེ། དེ་འདི་ལྟ་སྟེ། མཛེ་དང་། འབྲས་དང་། ཤུ་བ་དང་། ཚད་པ་དང་། ཤ་བཀྲ་དང་། རྐོང་བ་དང་། ཕོལ་མིག་དང་། གློག་པ་དང་། རབ་ཏུ་གཡའ་བ་དང་། སྐྱིགས་བུ་དང་། སྐུགས་པ་དང་། གཞུང་འབྲུམ་དང་། རིམས་དང་། ཟ་ངད་དང་། མྱོས་པ་དང་། ཆུ་བགགས་པ་དང་། ངལ་བ་དང་། རྨོང་བུ་དང་། དབུགས་མི་བདེ་བ་དང་། ལུད་པ་དང་། སྐེམ་པ་དང་། རྗེད་བྱེད་དང་། འཇས་པ་དང་། དཀར་པོའི་ནད་དང་། རྐང་འབམ་དང་། མཚན་བར་རྡོལ་བ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་པ་དང་། རྐུ་བ་འབྲུམ་དང་། ལྷོག་པ་དང་། ཡན་ལག་ཚ་བ་དང་། རྩིབ་ལོག་ཚ་བ་དང་། རུས་པ་ཞིག་པ་དང་། རིམས་དྲག་པོ་དང་། རིམས་ཞག་གསུམ་པ་དང་། ཞག་བཞི་པ་དང་། རིམས་ཉིན་རེ་དང་། འདུས་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཁྱོད་ཀྱི་ཚུལ་ལ་འདི་ལྟ་བུའི་ལུས་ཀྱི་ནད་དང་། གཞན་དག་མེད་དམ། དེ་སྟེ་གཙང་བར་གྱུར་ན། གསང་སྟེ་སྟོན་པས་ཇི་ལྟར་བདག་གིས་ཁྱོད་ལ་དྲིས་པ་དེ་བཞིན་དུ། དགེ་འདུན་གྱི་ནང་དུ་སྨྲོས་ཤིག་ཅེས་བསྒོའོ། །
Domain ཆོས་ལུགས།

{{#arraymap:དགེ་སློང་གསང་སྟོན་མའི་དྲི་བ་ཞེ་བརྒྱད་

|; |@@@ | | }}