24778

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགེ་སློང་གི་ཆོམ་རྐུན་བཞི་ (1)
Part of speech མིང་ཚིག
Definition མདོ་ཀུན་ལས་བཏུས་པ་ཆེན་པོ་ལས་བྱུང་བ་སྟེ། ༡ དགེ་སློང་དགེ་སྦྱོང་གི་ཁ་དོག་དང༌། རྟགས་དང་། དབྱིབས་ལ་གནས་ཤིང༌། དེ་ཡང་ཚུལ་ཁྲིམས་འཆལ་བ་དང༌། སྡིག་པའི་ཆོས་ཅན་ཡིན་པར་གྱུར་ན། དེ་ནི་དགེ་སློང་གི་ཆོམ་རྐུན་དང་པོའོ། །༢ དབོན་པའི་གནས་སུ་སོང་སྟེ། གནས་པ་ན་མི་དགེ་བའི་རྣམ་པར་རྟོག་པ་དག་ལ་རྣམ་པར་རྟོག་པར་བྱེད་ན། དེ་ནི་དགེ་སློང་གི་ཆོམ་རྐུན་གཉིས་པའོ། །༣ བདག་ཉིད་འབྲས་བུ་མ་ཐོབ་ཅིང༌། སོ་སོ་སྐྱེ་བོ་ཡིན་པར་ཤེས་བཞིན་དུ་རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་དགྲ་བཅོམ་པ་ཡིན་པར་ཁས་འཆེ་བར་བྱེད་ན། དེ་ནི་དགེ་སྦྱོང་གི་ཆོམ་རྐུན་གསུམ་པའོ། །༤ བདག་ལ་བསྟོད་ཅིང་གཞན་ལ་སྨོད་པར་བྱེད་ན། དེ་ནི་དགེ་སྦྱོང་གི་ཆོམ་རྐུན་བཞི་པའོ། །
Domain ཆོས་ལུགས།