24806
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ། ༡ གང་བསྙེན་པར་རྫོགས་པའི་ཡན་ལག་དང་ལྡན་ལ་དེ་དང་མཐུན་པའི་ཆོས་བསླབ་པའི་གཞི་ཡང་དག་པར་བླངས་པའི་ཡན་ལག་དང་ཡང་མི་ལྡན། གཞན་གྱི་སེམས་རྗེས་སུ་བསྲུང་བའི་ཡན་ལག་དང་ཡང་མི་ལྡན། བསླབ་པའི་གཞི་ཇི་ལྟར་ཡང་དག་པར་བླངས་པ་བཞིན་རྗེས་སུ་བསྲུང་བའི་ཡན་ལག་དང་མི་ལྡན་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །༢ གང་ཡན་ལག་དང་པོ་གསུམ་དང་ལྡན་ལ། ཐ་མ་དང་མི་ལྡན་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །༣ གང་ཡན་ལག་བཞི་པོ་ཐམས་ཅད་དང་ལྡན་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པའི་གང་ཟག་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ༡ སོ་སོ་ཐར་པའི་སྡོམ་པ་དང་ལྡན་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། །༢ སོ་སོར་ཐར་པའི་སྡོམ་པ་དང༌ལྡན་པ་དང་། བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །༣ སོ་སོར་ཐར་པ་དང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དང་ལྡན་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། ། |
{{#arraymap:དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པའི་གང་ཟག་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ༡ སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པས་བསྡུས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །༢ ཉན་ཐོས་དང་ལྡན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། །༣ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། ། |
{{#arraymap:དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ནས་འདུག་པའི་གང་ཟག་གསུམ་
|; |@@@ | | }}