24922
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་སློང་མའི་སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ། ༡ དགེ་སློང་གང་མི་ན་བར་གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་འོ་མ་བླངས་ཏེ་འཐུང་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པར་བྱ་བའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་འབྱུང་གི། ཆོས་དེ་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱའོ། །༢ དེ་བཞིན་དུ་སྦྱར་ཏེ། བདག་གི་དོན་དུ་ཞོ། ༣ མར། ༤ ཞུན་མར། ༥ འབྲུ་མར། ༦ སྦྲང་རྩི། ༧ བུ་རམ་གྱི་དབུ་མ། ༨ ཉ་ཤ། ༩ ཤ། ༡༠ ཤ་སྐམ་བླངས་པ་བཅས་སོ་སོར་བཤགས་པར་བྱ་བ། ༡༡ སློབ་པ་དག་གི་ཁྱིམ་གང་དག་ན་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་པ་ལ། དགེ་སློང་མ་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་པ་ལ། དགེ་སློང་མ་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས་བཅའ་བ་དང་། བཟའ་བ་བླངས་ནས་འཆའ་འམ། ཟ་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། སོ་སོར་བཤགས་པར་བྱ་བ་དང་བཅུ་གཅིག་གོ ། སྡོམ་ནི། འོ་མ་ཞོ་དང་མར་དང་ནི། །ཞུན་མར་འབྲུ་མར་སྦྲང་རྩི་དང་། །དབུ་བ་ཉ་ཤ་ཤ་དང་ནི། །ཤ་སྐམ་བསླབ་སྡོམ་བྱིན་པའོ། ། |
| Domain | ཆོས་ལུགས། |