24946
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བའི་མདོ་ལས་བྱུང་བ་སྟེ། ༡ འདུན་པ་བླངས་ནས་བརྒྱུག་པར་མི་བྱ་བ། ༢ མགྱོགས་པར་མི་བྱ་བ། ༣ མཆོང་བར་མི་བྱ་བ། ༤ ཕྱི་རོལ་ལ་མཆོང་བར་མི་བྱ་བ། ༥ འོབས་ལ་མཆོང་བར་མི་བྱ་བ། ༦ བང་རིམ་ལ་མཆོང་བར་མི་བྱ་བ། ༧ སྟེང་གི་ནམ་མཁའ་ལ་འདུག་པར་མི་བྱ་བ། ༨ མཚམས་ཀྱི་ཕ་རོལ་ཏུ་འགྲོ་བར་མི་བྱ་བ། ༩ གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ་བ། ༡༠ གོམ་པ་གཅིག་གིས་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་ཐོད་བརྒལ་དུ་འཛེག་པར་མི་བྱ་བ། ༡༡ ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱ་བ། ༡༢ གཉིད་ལོག་པར་མི་བྱ་བ། ༡༣ སྙོམས་པར་འཇུག་པ་མི་བྱ་བ་བཅས་སོ། ། |
| Domain | ཆོས་ལུགས། |