25116

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགོན་པར་གནས་པ་ལྷུར་བྱེད་པའི་ཕན་ཡོན་བཅུ་ (1)
Part of speech མིང་ཚིག
Definition ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བྱུང་བ་སྟེ། བྱ་བ་ཉུང་བར་གནས་པ། འདུ་འཛི་རིང་བ་ནས་ཀྱང་རིང་དུ་སྤོང་བ། དེ་ལ་རྩོད་པ་མེད་པར་འགྱུར་བ། གནོད་པ་མེད་པར་གནས་པ། ཟག་པ་འཕེལ་བར་མི་བྱེད་པ། རྩོད་པའི་གཞི་མི་བྱེད་པ། ཤིན་ཏུ་ཞི་བར་སྤྱོད་པ། ཤིན་ཏུ་བསྡམས་པར་གནས་པ། ཐར་པ་དང་མཐུན་པའི་སེམས་ཀྱི་རྒྱུད་དུ་འགྱུར་བ། མྱུར་དུ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། །
Domain ཆོས་ལུགས།

{{#arraymap:དགོན་པར་གནས་པ་ལྷུར་བྱེད་པའི་ཕན་ཡོན་བཅུ་

|; |@@@ | | }}