25123

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགོན་སར་བཀའ་བརྒྱུད་ (1)
Part of speech མིང་ཚིག
Definition མཁས་པ་བྱང་ཆུབ་རྡོ་རྗེ་མཆོག་ཆོས་རྗེ་རས་པ་དཀར་པོའི་མདུན་དུ་རབ་ཏུ་བྱུང༌། མཚན་བྱང་ཆུབ་རྡོ་རྗེ་གསོལ། སངས་རྒྱས་རས་ཆེན་ནས་བརྒྱུད་པའི་གདམས་སྐོར་ཆོས་སྤྱི་དང་བྱེ་བྲག་མ་ལུས་པ་ཐུགས་སུ་ཆུད་པས་མཁས་པའི་སྙན་པ་ཐོབ། སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ཡོན་ཏན་གྱི་སྒོ་དུ་མ་དང་ལྡན། མོན་སེར་སྣར་བྱ་བར་དགོན་པ་བཏབ་ཅིང་འགྲོ་དོན་རྒྱ་ཆེར་བྱུང༌། མགོན་པོ་ཕྱག་བཞི་པ་དངོས་སུ་འགྲུབ། དེའང་མཁས་གྲུབ་ཆེན་པོ་བྱང་དཔལ་བྱང་རྡོར་གཉིས་ཟེར་ནས་ལུས་མེད་རྡོ་རྗེ་དང་མཚན་མཉམ་དུ་འབོད་པ་བྱུང༌། རབ་བྱུང་བཞི་པའི་ནང་ཙམ་ལ་བྱོན། སློབ་ཚོགས་ནི་སྣག་དབོན་ཤཱཀྱ་ཡེ་ཤེས་སྐུ་མཆེད་རྣམས་ཡིན་ཞིང༌། རུས་དབོན་ནི་སློབ་དཔོན་གྲགས་རྡོར་བ་ཡིན་ཏེ་དེ་དག་ཀྱང་ཆོས་སྐྱོང་གཙོ་འཁོར་གྱི་ཞལ་གཟིགས་ལན་མང་བྱུང་ཞིང༌། སྔགས་གྲུབ་རྩོད་མེད་དུ་གྲགས་པ་དང༌། དབོན་སློབ་དཔོན་མངྒ་ལ་ཀིརྟི་ཞེས་པ་དེ་དག་ནས་བརྒྱུད་པ་ལ་ཚང་གསར་པ་དང་སོ་རག་པའི་སྔགས་བརྒྱུད་རྣམས་བྱུང་བར་དགོན་སར་བར་གྲགས།

{{#arraymap:དགོན་སར་བཀའ་བརྒྱུད་

|; |@@@ | | }}