25242

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགྲ་བཅོམ་གསོད་པའི་མཚམས་མེད་ཀྱི་ལས་ (1)
Part of speech མིང་ཚིག
Definition མཚམས་མེད་ལྔའི་ནང་གསེས་ཤིག་སྟེ། དགྲ་བཅོམ་འཕགས་པ་བསད་པའི་ལས་སོ། །དེ་ཡང་དེའི་རྣམ་པར་སྨིན་པ་ཚེ་འཕོས་མ་ཐག་ཏུ་དམྱལ་བར་སྐྱེ་བར་འགྱུར་བར་ལས་དང་འགྲོ་བ་གཞན་གྱིས་བར་དུ་གཅོད་པར་མི་ནུས་པས་མཚམས་མེད་པའི་ལས་སོ། །དེས་ན་མཚམས་མེད་པའི་སྦྱོར་བ་བྱས་པ་དག་ལ་ནི་བསམ་པ་ཤིན་ཏུ་འགལ་བས་འདོད་ཆགས་དང་བྲལ་བ་དང་དེའི་འབྲས་བུ་ཐོབ་པ་མི་སྲིད་དོ། །དེ་བཞིན་འཕགས་ལམ་སྐྱེས་པ་དག་ལ་སྦྱོར་བ་བྱས་པ་དེའི་ལས་ཀྱི་ལམ་མི་སྐྱེ་སྟེ། འཕགས་ལམ་སྐྱེས་པའི་རྟེན་དེ་དང་ལས་ཀྱི་ལམ་དེ་དག་ཤིན་ཏུ་འགལ་བའི་ཕྱིར་རོ། །དེ་ཡང་ཐེག་པ་ཐུན་མོང་བའི་དབང་དུ་བྱས་ཀྱི། ཐེག་ཆེན་པ་ལྟར་ན་ནི་མཚམས་མེད་བྱས་ཀྱང་འབྲས་བུ་འཐོབ་སྟེ། མ་སྐྱེས་དགྲ་འགྱོད་པ་བསལ་བའི་མདོ་ལས་ཕ་བསད་པའི་མཚམས་མེད་བྱས་པས་ཀྱང་དགྲ་བཅོམ་པ་ཐོབ་པར་གསུངས་པའི་ཕྱིར་རོ། །གཞན་ཡང་གང་ཞིག་གིས་ཕ་དགྲ་བཅོམ་པ་བསད་ན་དེ་ལ་མཚམས་མེད་པ་ནི་གཅིག་ཁོ་ན་འགྱུར་ཏེ། རྟེན་གཅིག་ལས་མེད་པའི་ཕྱིར་རོ། །དེ་བཞིན་དུ་དགྲ་བཅོམ་མ་ཐོབ་པ་ལ་མཚོན་བསྣུན་ལ་མཚོན་བསྣུན་པའི་འོག་ཏུ་དགྲ་བཅོམ་ཐོབ་པར་འགྱུར་ན་བསྣུན་པ་དེས་དགྲ་བཅོམ་གྲོངས་པ་ལ་མཚམས་མེད་པར་འགྱུར་བ་མིན་ཏེ། དེས་དེ་ལ་སྦྱོར་བ་མ་བྱས་པའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:དགྲ་བཅོམ་གསོད་པའི་མཚམས་མེད་ཀྱི་ལས་

|; |@@@ | | }}