25244

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགྲ་བཅོམ་པ་ (1)
Part of speech མིང་ཚིག
Definition ཉོན་མོངས་སྤངས་པའི་གང་ཟག་ལ་ཟེར། མཆོད་འོས་ཀྱང་བྱ། འདིའི་སྐད་དོད་ལ་ཨརྷཏ་ཞེས་པ་ཡོངས་སུ་གྲགས་ཀྱང་། བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ལས་ཨརྷན་ཞེས་འབྱུང་ངོ་། །སྒྲ་སྦྱོར་བམ་གཉིས་ལས། ཨརྷན་ཞེས་བྱ་བ་གཅིག་ཏུ་ན། པཱུ་ཛོ་མར་ཧཏཱི་ཨརྷན་ཞེས་བྱ་སྟེ། ལྷ་དང་མི་ལ་སོགས་པ་ཀུན་གྱིས་མཆོད་པར་འོས་པས་ན་མཆོད་འོས་ཞེས་ཀྱང་བྱ། ཡང་གཅིག་ཏུ་ན། ཀླེ་ཤ་ཨ་རི་ཧ་དེ་པཱན་ཨརྷན་ཞེས་བྱ་སྟེ། ཉོན་མོངས་པའི་དགྲ་བཅོམ་པ་ཞེས་ཀྱང་བྱ་སྟེ། རྣམ་པ་འདི་ལས་འདིར་ནི་དོན་བཙན་པར་བྱ་སྟེ་དགྲ་བཅོམ་པ་ཞེས་བཏགས། ཞེས་གསུངས་། སྤྱིར་ནང་པའི་གཞུང་ལུགས་ཀྱི་གསུང་སྲོལ་ལ། འཁོར་བའི་གནས་སུ་ཡང་ནས་ཡང་དུ་རང་དབང་མེད་པར་སྐྱེ་བ་ལེན་པའི་རྒྱུའི་གཙོ་བོ་ལས་མི་དགེ་བཅུ་ཡིན་ཞིང༌། ལས་དེ་གསོག་པར་བྱེད་པའི་འགུལ་ཤུགས་ཀྱི་བསམ་བློ་ནི་ཉོན་མོངས་དུག་གསུམ་ཡིན་པས། ཉོན་མོངས་དུག་གསུམ་ནི་དགྲ་བོ་གཙོ་བོ་ཡིན་པ་དང༌། དེ་རྩ་བ་ནས་སྤངས་པ་ནི་དགྲ་བཅོམ་པ་ཞེས་པའི་དོན་ཡིན། དེ་ལ་ཐེག་ཆེན་དགྲ་བཅོམ་པ་དང༌། རང་རྒྱལ་དགྲ་བཅོམ་པ། ཉན་ཐོས་དགྲ་བཅོམ་པ་བཅས་གསུམ་ཡོད། ཐེག་ཆེན་དགྲ་བཅོམ་པ་ནི་སངས་རྒྱས་ཐམས་ཅད་ལ་ཟེར་ཞིང༌། རང་རྒྱལ་དགྲ་བཅོམ་པ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་སུ་རང་ཉིད་ཀྱིས་ལམ་བསྒོམས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རྣམས་ཡིན། ཉན་ཐོས་དགྲ་བཅོམ་པ་ནི། དཔེར་ན་བསྟན་པའི་གཏད་རབས་བདུན་དང༌། གནས་བརྟན་བཅུ་དྲུག་ལྟ་བུ་ཡིན།
Domain ཆོས་ལུགས།

{{#arraymap:དགྲ་བཅོམ་པ་

|; |@@@ | | }}