25245
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། རྣམ་གྲངས་ཀྱིས་བརྡ་སྤྲོད་པ་ནི། ཇི་ལྟར་འདི་ན་ཁ་ཅིག་གཞན་དག་གིས་དྲིས་ཀྱང་རུང་། ཡན་ན་རང་གིས་གཞན་དག་ལ་བསྟན་པ་ལ་གཅེས་པར་འཛིན་པ་བསྐྱེད་པའི་ཕྱིར། འདི་སྐད་དུ་བདག་ནི་ཕྱི་མ་ལ་སོམ་ཉི་མེད་དོ་ཞེས་བརྡ་སྤྲོད་པའོ། ། རྣམ་གྲངས་མ་ཡིན་པས་བརྡ་སྤྲོད་པ་ནི། འདི་ལྟ་སྟེ། བདག་གི་སྐྱེ་བ་ཟད་དོ། །ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། ། ཤེས་པས་བརྡ་སྤྲོད་པ་ནི། ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་ན་སྐྱེ་བ་ཟད་པར་འགྱུར་ཞེས་དྲིས་ན་སྐྱེ་བའི་རྒྱུ་འགགས་པས་ན། སྐྱེ་བ་ཟད་དོ་ཞེས་རྣམ་པ་དེ་ལྟ་བུར་རྣམ་པར་གྲོལ་བ་ཤེས་པས་བསྡུས་པའི་བདག་གིས་ཟད་པ་ཤེས་པ་བརྡ་སྤྲོད་པར་བྱེད་པ་སྟེ། འདི་ནི་ཤེས་པས་བརྡ་སྤྲོད་པའོ། ། སྤོང་བས་བརྡ་སྤྲོད་པ་ནི། ནམ་རྣམ་པར་གྲོལ་བས་སྲིད་པ་ཐམས་ཅད་ཀྱི་རྒྱུ་ཡོངས་སུ་ཟད་པའི་ཕྱིར་སྤོང་བས་བརྡ་སྤྲོད་པར་བྱེད་དོ། །སྤོང་བས་བརྡ་སྤྲོད་པ་དེའི་ཇི་སྐད་བསྟན་པ་དེ་ཉིད་ནི་རྒྱས་པར་བརྡ་སྤྲོད་པའོ། ། མདོས་བརྡ་སྤྲོད་པ་ནི། བཤད་པ་འདི་དག་ཐམས་ཅད་ཀྱང་ཚོར་བ་གང་ཅི་ཡང་རུང་བ་ནི་འདིར་སྡུག་བསྔལ་བ་ཡིན་པར་ཤེས་ནས་བདག་གི་སྐྱེ་བ་ཟད་དོ་ཞེས་བརྡ་སྤྲོད་པར་བྱེད་པའོ། ། རྒྱས་པས་བརྡ་སྤྲོད་པ་ནི། དེ་ནི་དེའི་རྒྱུ་སྲིད་པ་ཡང་བརྡ་སྤྲོད་པར་འགྱུར་ལ། སྲིད་པའི་རྒྱུ་དང་། དེའི་རྒྱུ་ལེན་པ་དང་། ལེན་པའི་མཚན་ཉིད་ཀྱང་བརྡ་སྤྲོད་པར་འགྱུར་རོ། ། |
Domain | ཆོས་ལུགས། |
{{#arraymap:དགྲ་བཅོམ་པ་ཀུན་ཤེས་པ་དང་ལྡན་པའི་ཤེས་པ་བརྡ་སྤྲོད་པ་རྣམ་པ་དྲུག་
|; |@@@ | | }}