25256

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགྲ་བཅོམ་པའི་འབྲས་བུ་འཐོབ་བྱེད་དབང་པོ་དགུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དབང་པོ་ཉི་ཤུ་རྩ་གཉིས་ལས་དད་སོགས་དབང་པོ་ལྔ་དང་ཀུན་ཤེས་དང་ཀུན་ཤེས་ལྡན་པའི་དབང་པོ་དང་ཡིད་དབང་། བདེ་བ་ཡིད་བདེ་བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་དང་དགུའོ། །དེ་དག་དགུས་དགྲ་བཅོམ་པའི་འབྲས་བུ་འཐོབ་ཏེ། དགྲ་བཅོམ་པ་ནི་དད་སོགས་ལྔ་དང་ཡིད་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ལ་བརྟེན་ན་ཡིད་བདེ་དང་། གསུམ་པའི་དངོས་གཞི་ལ་བརྟེན་ན་བདེ་བ་དང་ས་གཞན་ལ་བརྟེན་ན་བཏང་སྙོམས་ཏེ་གང་ཡང་རུང་བ་ཞིག་དང་། བར་ཆད་མེད་པའི་ལམ་ལ་ཀུན་ཤེས་དང་རྣམ་གྲོལ་གྱི་ལམ་ལ་ཀུན་ཤེས་ལྡན་པའི་དབང་པོ་སྟེ་དགུས་འཐོབ་བོ། ། ཆོས་མངོན་པ་ལས། བཅུ་གཅིག་དག་གིས་ཐོབ་བོ་ཞེས་བཤད་པ་ལས། འདིར་དགྲ་བཅོམ་དབང་པོ་དགུས་ཐོབ་པར་བཤད་པ་ཅི་ཞེ་ན། དེ་ནི་དགུ་ཁོ་ནས་ཐོབ་སྟེ། བཅུ་གཅིག་དག་གིས་ཞེས་བཤད་པ་ནི། ཡོངས་སུ་ཉམས་ཤིང་། ཡོངས་སུ་ནས། བདེ་དང་བཏང་སྙོམས་ཀྱི་དབང་པོ་དག་གིས་དགྲ་བཅོམ་ཉིད་ཐོབ་པ་འགའ་ཞིག་སྲིད་པའི་ཕྱིར་བཤད་པ་ཡིན་གྱི་བདེ་བ་སོགས་པ་དུས་གཅིག་ཏུ་སྲིད་པ་ནི་མེད་དོ། །
Domain ཆོས་ལུགས།

{{#arraymap:དགྲ་བཅོམ་པའི་འབྲས་བུ་འཐོབ་བྱེད་དབང་པོ་དགུ་

|; |@@@ | | }}