25264

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དགྲ་བཅོམ་ཞུགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཙོ་བོ་རང་གི་ཐོབ་བྱར་གྱུར་པའི་དགྲ་བཅོམ་པའི་འབྲས་བུ་ལ་བརྩོན་བཞིན་པའི་གང་ཟག་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འབྲས་གནས་བཞིའི་ནང་ནས་གཙོ་བོར་གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་འཕགས་པའི་གང་ཟག་དེ་དགྲ་བཅོམ་ཞུགས་པའི་འཇོག་བྱེད། དབྱེ་ན། སྤང་བྱ་ཅིག་ཆར་བའི་དགྲ་བཅོམ་ཞུགས་པ་དང། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པ་གཉིས། ཕྱི་མ་དང་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་དོན་གཅིག དང་པོ་དང་སྤང་བྱ་ཅིག་ཆར་བའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དོན་གཅིག ས་མཚམས་ནི། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པ་སྒོམ་སྤང་ཉོན་མོངས་ལྷག་མ་སྤོང་བ་ལ་བརྩོན་པ་ནས་སྲིད་ཉོན་དགུ་བ་སྤོང་བའི་བར་ཆད་མེད་ལམ་གྱི་བར་དུ་ཡོད། སྤང་བྱ་ཅིག་ཆར་བའི་དགྲ་བཅོམ་ཞུགས་པ་ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་ཆེན་པོའི་ཆེན་པོ་དགུ་ཅིག་ཆར་སྤོང་བ་ནས་ཆུང་ངུའི་ཆུང་ངུ་དགུ་ཅིག་ཆར་སྤོང་བའི་བར་ཆད་མེད་ལམ་ལ་གནས་ཀྱི་བར་དུ་ཡོད་དོ། །
Domain ཆོས་ལུགས།

{{#arraymap:དགྲ་བཅོམ་ཞུགས་པ་

|; |@@@ | | }}

དགྲ་བཅོམ་ཞུགས་པ་ (2)
Part of speech མིང་ཚིག
Definition ཉན་ཐོས་དགྲ་བཅོམ་པའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་སྦྱོར་བ་རྒྱུན་ཆགས་ལ་གནས་པས་རབ་ཏུ་ཕྱེ་བའི་གང་ཟག་གོ ། དབྱེ་ན་སྤང་བྱ་ཅིག་ཅར་བའི་དགྲ་བཅོམ་ཞུགས་པ་དང༌། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པ་གཉིས། དང་པོ་ནི། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དང་དོན་གཅིག ། གཉིས་པ་ནི། ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་དང་དོན་གཅིག་གོ །

{{#arraymap:དགྲ་བཅོམ་ཞུགས་པ་

|; |@@@ | | }}

དགྲ་བཅོམ་ཞུགས་པ་ (3)
Part of speech མིང་ཚིག
Definition ཞུགས་གནས་བརྒྱད་ཀྱི་ནང་གསེས། བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་ཉོན་མོངས་མཐའ་དག་སྤོང་བའི་སྦྱོར་བ་ཅན། དགེ་འདུན་ཉི་ཤུའི་གྲས་ཤིག་སྟེ། ཕྱིར་མི་འོང་བསམ་གཏན་དང་པོའི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ། སྲིད་རྩེའི་ཉོན་མོངས་རྣམ་པ་བརྒྱད་ཀྱི་བར་ཟད་པས་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ནོ། །དེར་མ་ཟད་སྲིད་རྩེའི་ཉོན་མོངས་རྣམ་པ་དགུ་པ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ལ་གནས་པ་དེ་ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཁོ་ནའོ། །དགུ་པའི་བར་ཆད་མེད་ལམ་དེ་ནི་ཕྲ་རྒྱས་ཐམས་ཅད་འཇོམས་པར་བྱེད་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ནོ། །

{{#arraymap:དགྲ་བཅོམ་ཞུགས་པ་

|; |@@@ | | }}