25376

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དངངས་པར་བྱེད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དངངས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ་ཉེ་བར་བསྒྲུབ་པ་རང་ངམ་བསྐོས་པའི་ངག་གི་རིག་བྱེད་ཀྱིས་དངངས་པར་བྱེད་པའི་ཚིག་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བས་གསུངས་སོ། ། པཎ་ཆེན་ངག་ཆོས་ཀྱིས། དངངས་པར་བྱེད་པའི་ལྟུང་བྱེད་ནི། ངོ་བོ་ནི། དགེ་སློང་གིས་ཡུལ་དགེ་སློང་གཞན་ལ་མཐོ་འཚམས་པའི་བསམས་པས་འཇིགས་པ་སྟོན་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:དངངས་པར་བྱེད་པའི་ལྟུང་བྱེད་

|; |@@@ | | }}