25395

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དངུལ་གྱི་ཕོ་སྙུངས་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ལས་དབང་པོ་སྒོ་བསལ་གྱི་རྫས་ཤིག་སྟེ། བཟོ་དབྱིབས་ནི། མགོ་རྩེ་ནི་མདུང་གི་བཟོ་དབྱིབས་ཇི་བཞིན་ཏེ། ཡུ་བ་དང་རྒྱུ་ཆ་སོགས་ནི་ཀློང་རྒྱས་ཆོ་གའི་དབང་པོ་སྒོ་བསལ་གྱི་རྫས་རྣམས་འདྲ་བ་བྱེད་དོ། །མཚོན་དོན་ནི་དངོས་པོའི་དྲ་བ་ལ་སོགས་འདིས་གཅོད་པར་ལྟར་རྨོངས་པའི་དྲ་བ་མ་རིག་བདག་འཛིན་ལ་སོགས་གཅོད་པའི་བརྡ་མཚོན་པ་སྟེ། མདོ་གཟེར་མིག་ལས། དངུལ་དཀར་ཕོ་སྙུངས་འདིས། ཡིད་ཀྱི་དབང་པོ་དབྱེ་ཡིན་བསལ་ལྟ་མི་འཚལ་ཏེ། སེམས་ཅན་མ་རིག་ལས་ཀྱིས་འཁོར་བ་ཡི། རྨོངས་པའི་སེམས་བསལ་ཕྱིར་ཕྱེ་བས། ཞེས་སོ། །དབང་པོ་ལས་ཡིད་ཀྱི་དབང་པོ་བསལ་བྱེད་ཀྱི་རྫས་ཡིན་ཏེ། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ལས། དངུལ་གྱི་ཕོ་སྙུངས་ནི། ཐུགས་འཁྲོལ་བ་དང་དོན་ཐུགས་ཀྱི་དབང་པོ་བསལ་བའི་རྫས་ཡིན་ལ། ཞེས་སོ། །
Domain ཆོས་ལུགས།

{{#arraymap:དངུལ་གྱི་ཕོ་སྙུངས་

|; |@@@ | | }}