25443
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྡོའི་སྨན་གྱི་རིགས་ཤིག་སྟེ། དབྱིབས་དང་ཆེ་ཆུང་ངེས་མེད་ཅི་རིགས་འབྱུང་ལ། ཁ་དོག་དཀར་པོ་སྔོ་ཞད་ཡོད་པ། ཡང་འགའ་ཞིག་ལྗང་ཞད་ཡོད་པ་སོགས་ལ་རྡོ་སུལ་སྣ་རིང་གཞུང་དུ་གཤིབས་པ། འགའ་ཞིག་འོད་འཕྲོ་བའི་དབྱིབས་ལྟར་གནས་པ། དངུལ་འོད་སིབ་སིབ་ཅན། སོ་སེག་ཅིང་བརྡར་ན་རྒྱུས་པ་ལྟར་ཞིག་པ། རྡོ་ཕྱེ་པགས་པར་འགོས་ན་ཟ་འཕྲུག་ལྡང་བ། མེར་བསྲེག་ན་མི་འཇུ་ཞིང་དམར་ཧང་དུ་འགྱུར་བ། བསྲེག་རྗེས་གྲང་ནས་ཁ་དོག་སེར་པོར་འགྲོ་བ་འདི་ལ་ཁ་དོག་གིས་དབྱེ་བས་སྔོ་ནག་ཅིག་དང༌། གསེར་རྡོ་ལས་ལྗང་ཤས་ཆེ་བའི་སྣ་ཐུང་བ་ཞིག་བཅས་གཉིས་ཡོད་པ་སྟེ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་རུས་མདོག་ཉམས་པ་གསོ་ཞིང་རུས་པའི་མདངས་འབྱིན་པར་བྱེད་པ་དང༌། གཞན་ཡང་རྡོ་ཡི་དུག་རྣམས་སེལ་བར་བྱེད་པའོ། ། |
{{#arraymap:དངུལ་ཟིལ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཆུའི་ཟིལ་པ་དྭངས་ཤིང་གསལ་བའི་དཔེ། |
Example | ཞོགས་ཀའི་རྩྭ་རྩེའི་དངུལ་ཟིལ་འོད་མདངས་འཚེར་ཞེས་པ་ལྟ་བུ། |
{{#arraymap:དངུལ་ཟིལ་
|; |@@@ | | }}