From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དངོས་ (1)
| Part of speech
|
མིང་ཚིག
|
| Definition
|
ལྐོག་གྱུར་མིན་པའི་མངོན་སུམ་དང་། ཐད་ཀའི་དོན་ཏེ།
|
| Example
|
ས་ཆ་དེར་ང་དངོས་སུ་འགྲོ་མྱོང་། མི་དེ་ལ་དངོས་སུ་ཐུག་ནས་སྐད་ཆ་བཤད་ཡོད་ཅེས་པ་ལྟ་བུ།
|
དངོས་ (2)
| Part of speech
|
མིང་ཚིག
|
| Definition
|
བྱ་བ་ཞིག་གི་སྔོན་འགྲོའི་གྲ་སྒྲིག་དང་མཇུག་གི་བྱ་བ་གཉིས་ཀྱི་བར་གྱི་ཆ་ཤས་སམ་དངོས་གཞིའི་གཞུང་ལ་ཟེར་ཏེ།
|
| Example
|
ད་ནི་གཞུང་དངོས་ལ་འཇུག་པར་བྱ་སྟེ། དུས་ཡུན་རིང་པོར་གྲ་སྒྲིག་བྱས་ཏེ་དེ་རིང་ཚོགས་འདུ་དངོས་སུ་འཚོགས་ཐུབ་པ་བྱུང་ཞེས་པ་ལྟ་བུ།
|
དངོས་ (3)
| Part of speech
|
མིང་ཚིག
|
| Definition
|
བཅོས་མ་མ་ཡིན་པའམ། བསྲེ་ལྷད་མེད་པའི་དོན་ཏེ།
|
| Example
|
གང་བཤད་པ་རྣམས་ངའི་བསམ་ཚུལ་དངོས་ཡིན། བྱུ་རུ་དངོས་དང་རྫུན་མའི་ཁྱད་པར་འབྱེད་རྒྱུ་ལས་སླ་ཞེས་པ་ལྟ་བུ།
|
དངོས་ (4)
| Part of speech
|
མིང་ཚིག
|
| Definition
|
དངོས་པོ་ཞེས་པའི་ཚིག་བསྡུས་ན་དངོས་ཞེས་འབྲི་སྟེ།
|
| Example
|
རྟག་དངོས་གཉིས་ཞེས་པ་ལྟ་བུ།
|