25487

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གང་རུང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རྟགས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང་། མི་མཐུན་ཕྱོགས་ཁོ་ན་ལ་མེད་པར་ངེས་པ་གང་རུང་ཡིན་པ་དེ་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། གསུམ་པ་དེ་གཉིས་གང་རུང་མ་ཡིན་པའི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ལ་ཡང། མཚན་ཉིད་དང། མཚན་གཞི་གཉིས་ལས། དང་པོ་ནི། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང་། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པར་ངེས་པ་གང་རུང་ཡིན་པ་དེ། ཁྱོད་དེ་སྒྲུབ་ཀྱི་དེ་གཉིས་གང་རུང་མ་ཡིན་པའི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཡིན་པའི་མཚན་ཉིད། གཉིས་པ་མཚན་གཞི་ནི། བུ་རོ་ད་ལྟ་བ་དེ། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་དེ་གཉིས་གང་རུང་མ་ཡིན་པའི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་གཞི་ཡིན། ཞེས་གསུངས་པའི་ཕྱིར།
Domain ཚད་མ།

{{#arraymap:དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་གང་རུང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་

|; |@@@ | | }}