25488

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དངོས་ཀྱི་མ་ངེས་པའི་རྟགས་ (1)
Part of speech མིང་ཚིག
Definition དངོས་ཀྱི་མ་ངེས་པའི་མཚན་ཉིད་ནི། གཉིས་ཀ་ལ་མཐོང་བཟློག་མི་ཆོད། །ཅེས་བྱ་བ། ཕྱོགས་ཆོས་གྲུབ་ཕྱོགས་གཉི་ག་ལ་མཐོང་ཡང་བཟློག་པ་མི་ཆོད་པའོ། །དབྱེ་བ་ལ་བཞི་སྟེ། གཉི་ག་ལ་ཁྱབ་པར་མཐོང་བ་སྒྲ་མི་རྟག་པ་ལ་གཞལ་བྱ་བཀོད་པ་ལྟ་བུ། མཐུན་ཕྱོགས་ལ་ཁྱབ་པར་མཐོང་བ་སྒྲ་རྩོལ་བ་ལས་བྱུང་བ་ལ་མི་རྟག་པ་བཀོད་པ་ལྟ་བུའོ། །མི་མཐུན་ཕྱོགས་ལ་ཁྱབ་པ་སྒྲ་རྩོལ་མ་བྱུང་བ་ལ་མི་རྟག་པ་བཀོད་པ་ལྟ་བུའོ། །གཉི་གའི་ཕྱོགས་རེ་ལ་མཐོང་བ་སྒྲ་རྟག་པ་ལ་ལུས་ཅན་མ་ཡིན་པ་བཀོད་པ་ལྟ་བུའོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། དངོས་ཀྱི་མ་ངེས་པའི་མཚན་ཉིད། ཐུན་མོང་གི་མ་ངེས་པའི་གཏན་ཚིགས་གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མཐོང་བ། དབྱེ་བ་ལ། ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་མཐོང་བ། མཐུན་ཕྱོགས་ལ་ཁྱབ་བྱེད། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་མཐོང་བ། མི་མཐུན་ཕྱོགས་ལ་ཁྱབ་བྱེད། མཐུན་ཕྱོགས་ལ་རྣམ་གཉིས་སུ་མཐོང་བ། ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་མཐོང་བ་རྣམས་རིམ་པ་བཞིན། སྒྲ་ཆོས་ཅན། མི་རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་ཞེས་དང་། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་དང་། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་དང་། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །འདི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་དོན་ཡང། བྱེ་བྲག་པས་འབྱུང་བཞིའི་རྡུལ་ཕྲན་རྟག་པ་དང་། རེག་བྱ་ཅན་གྱི་གཞི་མཐུན་དུ་ཁས་བླངས་པའི་དབང་དུ་བྱས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།

{{#arraymap:དངོས་ཀྱི་མ་ངེས་པའི་རྟགས་

|; |@@@ | | }}