25503
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་ཉིད་ནི། མཚམས་འཛིན་གྱི་འདོད་སེམས་ཀྱི་རྗེས་སུ་སྙོམས་པར་འཇུག་པ་དགུ་ལ་འདོད་སེམས་རེ་སྤེལ་ནས་ལུགས་བཟློག་ཏུ་འཇུག་པའི་གནས་སྐབས་ཀྱི་ཐེག་ཆེན་གྱི་རྗེས་ལ་ཐོབ་པའི་མངོན་རྟོགས། དགོས་པ་ནི། སྤྱིར་སྒོམ་པའི་དགོས་པ་རིགས་གསུམ་ལས་ཕྱི་མ་ལ་དབང་ཐོབ་པའི་ཆེད་ཡིན་ལ། བྱེ་བྲག་ཏུ་འདོད་སེམས་སྤེལ་ནས་སྒོམ་པའི་དགོས་པ་ནི་སྙོམས་འཇུག་གི་རིགས་ཐམས་ཅད་ལ་དབང་ཐོབ་པའི་ཆེད་ཡིན་ནོ། །སྤེལ་ཆོས་ཀྱི་འདོད་སེམས་ནི། མཉམ་གཞག་བཏང་ཙམ་གྱི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་འདོད་སེམས་ཀྱི་མིང་གིས་བཏགས་པ་སྟེ། འདི་ཐོད་རྒལ་ཆེན་པོའི་ཁོངས་སུ་གཏོགས་པས་ཐོད་རྒལ་ཡིན་ན་མཉམ་གཞག་ཡིན་པས་མ་ཁྱབ་པ་ནི་གནད་ཕྲ་མོའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྙོམས་འཇུག་རབ་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དངོས་གཞི་ཐོད་རྒལ་ཆེན་པོ་
|; |@@@ | | }}