25506
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལྷོ་ཁ་ཚང་ཁྱིམ་དུ་འཁྲུངས། འཁྲུངས་ལོ་མི་གསལ། ཆུང་དུས་ནས་ཡིག་རྩིས་དང་། རིག་གནས་ཆུང་བ་ཀུན་ལ་སྦྱངས། ལྷོ་བྲག་སྨན་པ་བསྟེན། གསོ་རིག་རྒྱུད་བཞི་སྦྱངས། སྨན་ལ་མཁས་པར་གྱུར། ལྷོ་བྲག་རྫོང་གི་རྫོང་དཔོན་དང་། རྩེ་དྲུང་དཀྱུས་མ། རྩེ་མགྲོན་བཅས་ཀྱི་འགན་ཁུར། ལྷ་སར་ཕེབས། རབ་བྱུང་བཅོ་ལྔ་བའི་མེ་བྱ་ཕྱི་ལོ་ ༡༨༩༧ ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བླ་སྨན་བགྲེས་པར་བསྐོས། སྨན་པ་མང་པོ་སྐྱོང་བཅུག རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོར་རྒྱལ་བ་བཅུ་གསུམ་པའི་བླ་སྨན་སྤྱི་ཁྱབ་མཁན་པོའི་གོ་ས་གནང་། རབ་བྱུང་བཅོ་ལྔ་བའི་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་སྨན་རྩིས་འཛུགས་པའི་ཐུགས་འགན་བཞེས། ལྕགས་རི་གྲྭ་ཚང་སྨན་བླ་ལོངས་སྐུ་ཐོག་བརྩེགས་གཅིག་གི་སྐུ་བརྙན་བཞེངས། རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ཕྱི་ལོ་ ༡༩༢༢ ལོར་ནོར་བུ་གླིང་ཁར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་དབུས་སྟོད་དགེ་འདུན་སྙན་གྲགས་དང་། ལྷོ་ཁ་ལྷུན་གྲུབ་གྲགས་པ། འཕན་པོ་ངག་དབང་ཆོས་འབྱོར། རྩེད་ཐང་མཁྱེན་རབ་ནོར་བུ། རྩེད་ཐང་བསྟན་པ་ཡར་འཕེལ། དབུས་སྟོད་ཚུལ་ཁྲིམས་སྙན་གྲགས། ཉག་རོང་ཤར་རྒན་རིག་འཛིན་ལྷུན་གྲུབ་བཅས་ཡིན། གསུང་རྩོམ་ནི་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་བཅས་བཞུགས། |
Synonyms | བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་། |
{{#arraymap:དངོས་གཞི་བ་བྱམས་པ་ཐུབ་དབང་
|; |@@@ | | }}