25508

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དངོས་གཞིའི་འབྲས་བུ་ཡོངས་ཤེས་བརྒྱད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ཡོངས་ཤེས་དགུ་ལས་གོང་མའི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་ལས་གཞན་པའི་ཡོངས་ཤེས་བརྒྱད་དེ། སེར་སྨད་རྒྱལ་དབང་མཛོད། སྐབས་འདིར་དངོས་གཞིའི་འབྲས་བུ་ལ་ཡོངས་ཤེས་བརྒྱད་ཀྱི་གྲངས་ཙམ་དབྱངས་སྒྲོག་དང་མཚུངས་ཀྱང༌། ནང་བསྲེས་ཀྱི་མཚན་གཞིར་འདོད་ཚུལ་མི་འདྲ་བའི་ཁྱད་པར་ཡོད་དེ། དངོས་གཞིའི་འབྲས་བུ་ཡོངས་ཤེས་ལྔ་དང་བརྒྱད་འདོད་པའི་གོང་གི་བྱེ་སྨྲ་གཉིས་ནི། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ལ་བསམ་ནས་གོང་མའི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་དངོས་གཞིའི་འབྲས་བུར་འདོད་ལ། རང་ལུགས་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་རྒྱུད་ལ་གོང་མའི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་མེད་པའི་ཕྱིར་ཏེ། དེས་བཅུ་དྲུག་པ་ལམ་རྗེས་ཤེས་ཐོབ་པའི་ཚེ་མཐོང་སྤང་སྤངས་པའི་ཡོངས་ཤེས་དང་པོ་ལྔ་བཏང་ནས་བདུན་པ་མཐའ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཅིག་བུ་གསར་དུ་ཐོབ་པ་རྩ་བའི་ཚིག་འགྲེལ་གྱིས་ཤེས་པའི་ཕྱིར་དང༌། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དངོས་གཞིའི་འབྲས་བུ་ཡོངས་ཤེས་བརྒྱད་

|; |@@@ | | }}