25513
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། དངོས་གྲུབ་ཀྱི་གནད་འཕྱང་ཟབ་ཏིག ཅེས་བྱ་བ་སྟེ། གཏེར་གཞུང་ལས། འདི་ནི་ཡག་ཟབ་གནད་ཀྱི་ཡི་གེ་ཡིན༔ མ་འོངས་དུས་ན་སྐལ་ལྡན་རིགས་ཀྱི་བུ༔ ལས་ལྡན་དེ་འཕྲད་འགྲོ་དོན་མཐའ་རྒྱས་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་དགེ་རིའི་བྲག་ནས་གདན་དྲངས་པའོ། །འདིའི་ནང་དོན་བརྗོད་བྱ་ནི། ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒྲུབ་ཆེན་དངོས་གཞིའི་སྐབས་སུ་མཁའ་འགྲོ་དམ་ཅན་སྲུང་མ་དང་། དཀར་ཕྱོགས་ལ་གནས་པའི་ལྷ་སྲིན་རྣམས་ཀྱིས་རྣལ་འབྱོེར་དམ་ལྡན་རྟོགས་ལྡན་ལ་དངོས་གྲུབ་སྩོལ་བར་བསྐུལ་བ་དང་། དངོས་གྲུབ་རྟགས་ཇི་ལྟར་བྱུང་ཚུལ་བསྟན་པའོ། ། |
{{#arraymap:དངོས་གྲུབ་ཀྱི་གནད་འཕྱང་ཟབ་ཏིག་
|; |@@@ | | }}