25558

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དངོས་གྲུབ་ལེན་པ་གཉིས་ (1)
Part of speech མིང་ཚིག
Definition སྔགས། བླ་མེད། ཡུམ་གྱི་མཁའ་ལས་དངོས་གྲུབ་བླང་བ་དང་། རྫས་ལས་དངོས་གྲུབ་ལེན་པ་གཉིས། འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱི་དྭངས་བཅུད་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ལྷ་ཡབ་ཡུམ་རྣམས་ཀྱི་ཞལ་དུ་ཞུགས་ནས་མཁའ་འཁྱིལ་བ་ཐོད་པའི་བདུད་རྩི་དང་དབྱེར་མེད་འདྲེས་པས་མྱོང་བ་དང་ཡུམ་གྱིས་འཁོར་འདས་ཀྱི་བཅུད་བསྡུས་ནས་རླུང་གི་སྟོབས་དབུ་མ་ནས་གྱེན་དུ་དྲངས་ཤིང་འཕྲུལ་འཁོར་གྱིས་བཀྲམ་པས་བདེ་སྟོང་ཟག་མེད་ཀྱི་དངོས་གྲུབ་བླང་བའོ། །རྫས་ལས་དངོས་གྲུབ་བླང་བ། འོད་ཟེར་སྤྲོ་བསྡུའི་སྦྱོར་བས་དཀྱིལ་འཁོར་པ་དང་སྲིད་ཞིའི་དྭངས་བཅུད་རྫས་ལ་བསྟིམ་པས་བདུད་རྩིར་ཞུ་བ་དངོས་གྲུབ་ཀྱི་རྒྱ་མཚོར་འཁྱིལ་བར་བལྟས་ལ་བླངས་ཞིང་བཟའ་བཏུང་བྱའོ། །
Domain ཆོས་ལུགས།

{{#arraymap:དངོས་གྲུབ་ལེན་པ་གཉིས་

|; |@@@ | | }}