25742

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དད་པ་སྐྱེ་བའི་རྒྱུ་བཅུ་ (1)
Part of speech མིང་ཚིག
Definition གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔ ད་ལྟར་བྱེད་སྤྱོད་ཁ་དྲག་པ་དང་བཅས་པ་འདི་ལ་བདེ་བ་མེད་པར་ངོ་ཤེས་པ༔ ལས་དགེ་སྡིག་གཉིས་ཀྱི་རྒྱུ་འབྲས་ལ་ཡིད་ཆེས་པ༔ རང་འཆི་བ་རྗེས་སུ་དྲན་ནས་སྐྱོ་བ་སྐྱེས་པ༔ འཆི་བའི་དུས་སུ་ལོངས་སྤྱོད་དང་བུ་སྨད་དང་གཉེན་འབྲེལ་དང་མི་འགྲོགས་པས་དགོས་མེད་དུ་ཤེས་པ༔ ཚེ་ཕྱི་མ་གང་དུ་སྐྱེ་མ་ངེས་པས་གནས་མལ་ལ་རང་དབང་མེད་པར་ཤེས་པ༔ མི་ལུས་གཙང་མ་ཐོབ་ནས་ཆོས་མེད་སྟོང་ལོག་བྱེད་པར་ཤེས་པ༔ འཁོར་བའི་གནས་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པར་ངོ་ཤེས་པ༔ དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་བརྗོད་པ༔ བླ་མ་དམ་པ་ཁྱད་པར་ཅན་གྱི་མཛད་སྤྱོད་མཐོང་བ༔ ཆོས་གྲོགས་བཟང་པོ་དགེ་བ་ལ་གནས་པ་དང་འགྲོགས་པ་དང་༔ དེ་རྣམས་རྒྱུད་ལ་སྐྱེས་སམ་དྲན་ན་གང་ཟག་དེ་འཁོར་བ་ལས་ཟློག་པར་གདའ་སྟེ༔ རེ་རེ་རྒྱུད་ལ་སྐྱེ་བ་ཡང་དཀའ་བར་མི་གདའ་འམ་གསུངས༔།
Domain ཆོས་ལུགས།

{{#arraymap:དད་པ་སྐྱེ་བའི་རྒྱུ་བཅུ་

|; |@@@ | | }}