25781
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རུ་དྲ་འདུལ་བའི་གཏམ་རྒྱུད་དང་འབྲེལ་བ་ཞིག་སྟེ། ཐོག་མར་ཐར་པ་ནག་པོའི་གཡོག་ཏུ་གྱུར་ཅིང་ཕྱིས་ཐར་པ་ནག་པོ་རུ་དྲར་སྨིན་པའི་ཚེ་དེ་ཕྱག་ན་རྡོ་རྗེར་གནས་གྱུར་པའི་སྤྲུལ་པས་འདུལ་བའི་ཚུལ་ནི། སྔོན་འདས་པའི་བསྐལ་པ་ཀུན་དགའ་ཞེས་པའི་དུས་ཞིང་ཁམས་མངོན་པར་དགའ་བར་སྟོན་པ་སངས་རྒྱས་མི་བསྐྱོད་པའི་བསྟན་པ་གནས་པའི་ཚེ། ཁྱིམ་བདག་ཀེའུ་ཀ་ཡ་ཞེས་པའི་བུ་ཐར་པ་ནག་པོའི་གཡོག་དན་ཕག་ཟེར་བ་དེ་ཡིན། སྐབས་དེར་མཆོག་ཐུན་མོང་གི་གདམས་པ་སྩོལ་བ་ལ་ཤིན་གྲགས་ཆེ་བའི་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་པ་ཐེག་ཆེན་གསང་སྔགས་ཀྱི་རྣལ་འབྱོར་ལ་གནས་པ་ཞིག་ཡོད་པ་དེ་ལ་དཔོན་གཡོག་གཉིས་ཀས་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་གདམས་པ་མནོས་ཤིང་ཐར་པ་ནག་པོ་རབ་ཏུ་བྱུང། དན་ཕག་དགེ་བསྙེན་གྱི་ཁྲིམས་ལ་བཅུག་ནས་ཐར་པ་ནག་པོའི་དུས་འཛིན་དུ་བཟུང་ཞིང་གཡོག་ཏུ་བྱས། གཡོག་དན་ཕག་གིས་གསང་སྔགས་ཀྱི་གནད་ཤེས་ཀྱང་ཐར་པ་ནག་པོ་ལྟ་སྤྱོད་གོལ་བས་མ་མཐུན་པར་རྩོད་ཅིང་བླ་མར་དྲིས་པས་དན་ཕག་ཇི་བཞིན་ནོ་གསུངས་པ་ལ་ཐར་པ་ནག་པོ་ཁྲོས་ནས། བླ་མ་ཐུབ་དཀའ་གཞོན་ནུ་དང་གཡོག་དན་ཕག་གཉིས་པོ་གནས་ནས་བསྐྲད་རང་ཉིད་ལྔ་ཕྲག་གི་དངོས་པོ་བཞི་ལ་རང་དགར་འཇོལ་ཉོག་ཏུ་སྤྱད། དེ་ནས་མ་དག་པའི་སྐྱེ་རྒྱུད་བཞི་སྟོང་ལྔ་བརྒྱ་བཅུ་བཞིར་བརྒྱུད་པའི་མཐར་རུ་དྲར་སྨིན་ནས་མ་ཟན་མ་ཏཾ་ག་འམ་རུ་དྲ་ཐར་པ་ནག་པོར་འགྱུར་སྐབས། ཐུབ་དཀའ་གཞོན་ནུ་ས་མཆོག་བཅུ་བཞི་པ་བརྙེས་ཏེ་རྡོ་རྗེ་སེམས་དཔའམ་རྡོ་རྗེ་སྙིང་པོར་གནས་གྱུར་པའི་སྤྲུལ་པ་ཐུབ་པའི་དབང་པོས་རུ་དྲ་གདུལ་དུ་ཕྱིན་ཀྱང་ཞི་བས་མ་ཐུལ། དེ་ཚེ་གཡོག་དན་ཕག་རྩལ་ཆེན་རྫོགས་པའི་རྒྱལ་ཚབ་སྐྱེས་བུ་དམ་པ་རྡོ་རྗེ་འཛིན་ནམ་ཕྱག་ན་རྡོ་རྗེར་གནས་གྱུར་པ་དེས་ཁྲོ་བོ་སྨེ་བརྩེགས་སུ་སྤྲུལ་པའི་སྲས་རྡོ་རྗེ་སྲིན་པོས་བཏུལ་བའི་གཏམ་རྒྱུད་རྒྱས་པ་མདོ་དགོངས་པ་འདུས་པ་ལེའུ་ཉི་ཤུ་ནས་སོ་གཅིག་བར་གདུལ་བྱ་སྐབས་ལ་བབས་པའི་བྱུང་ཚུལ་བསྟན་པར་གསལ། |
{{#arraymap:དན་ཕག་
|; |@@@ | | }}