25866

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔའ་བོ་ (1)
Part of speech མིང་ཚིག
Definition བློ་ཁོག་ཡོད་མཁན་ནམ། སྙིང་སྟོབས་ཅན་གྱི་དོན་ཏེ།
Keyword True
Example མི་དཔའ་བོ་ཡིན་མིན་གནད་འགག་ལ་ཐུག་དུས་ཧ་གོ་ཐུབ། བུ་དཔའ་བོ་ཞེས་པ་ལྟ་བུ།
Synonyms དཔའ་བོ། རྟུལ་ཕོད། སྙིང་སྟོབས་ཅན། འཇིགས་མེད།
Antonyms སྡར་མ།
དཔའ་བོ་ (2)
Part of speech མིང་ཚིག
Definition དཔའ་སྙིང་ཆེ་བའི་སྐྱེས་པ།
Antonyms དཔའ་མོ།
དཔའ་བོ་ (3)
Part of speech མིང་ཚིག
Definition འཕགས་ཡུལ་གྱི་ཆེན་པོ་བཞིའི་ཡ་གྱལ་སློབ་དཔོན་དཔའ་བོ་སྟེ། རྒྱ་གར་ནུབ་ཕྱོགས་སུ་ཡབ་བྲམ་ཟེ་ཆེའི་རིག་བྱེད་ཡན་ལག་བརྒྱད་ལ་བྱང་ཆུབ་པ་སྨན་པ་ཆེན་པོ་སེང་གེ་གསང་བ་དང་། ཡུམ་རིན་ཆེན་དངོས་གྲུབ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བྲམ་ཟེའི་ཆོས་རིག་བྱེད་བཞི་དང་། རིག་བྱེད་ཀྱི་ཡན་ལག་བཞི། ཉེ་བའི་ཡན་ལག་བཞི། ལས་དྲུག་སོགས་ལ་མཁས་པར་སྦྱངས། ཁྱད་པར་དུ་ཡབ་ལས་གསོ་བ་རིག་པ་བསླབས་པས་ཚེགས་མེད་དུ་མཁྱེན། ཕྱི་པའི་བསྟན་པ་ལ་ཞུགས། གསུང་སྙན་པས་རྟ་དབྱངས་སུ་གྲགས། མུ་སྟེགས་རྟག་པ་སྨྲ་བའི་ལུགས་ལ་མཁས་པར་གྱུར་ནས་ནུབ་ཕྱོགས་ཀྱི་ནང་པའི་པཎྜི་ཏ་རྣམས་དང་བརྩད་པས་རྟ་དབྱངས་རྒྱལ་ཏེ་ནང་པའི་བསྟན་པ་བསྣུབས་ནས་ཕྱི་པའི་ལུགས་སུ་བསྒྱུར་ཞིང་ལྷོ་ཕྱོགས་སུ་རྩོད་པར་ཕེབས་པ་ལས། སློབ་དཔོན་ཀླུ་གྲུབ་ཀྱི་སློབ་མ་འཕགས་པ་ལྷ། རྟ་དབྱངས་དང་ཕྱི་ནང་གི་གྲུབ་མཐའ་རྩོད་པར་ཕེབས་ནས་རྟ་དབྱངས་ཚར་བཅད་དེ་ནང་པའི་རིང་ལུགས་སུ་བསྒྱུར། ཕྱིས་སུ་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་མཛད། ཕྱི་ནང་གཉིས་ཀྱི་གྲུབ་མཐའ་དང་སྙན་ངག་སོགས་རིག་བྱེད་ལ་ཤིན་ཏུ་མཁས་པར་གྱུར། མཚན་དཀོན་ཅོག་འབངས་ཞེས་གྲགས། སྔར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་ལས་བྱས་པ་རྣམས་བཤགས་པའི་ཆེད་དུ་སྟོན་པའི་སྐྱེས་རབས་ལ་བསྟོད་པ་བརྒྱ་རྩ་བརྒྱད་ཀྱིས་མཚོན་པའི་བསྟན་བཅོས་སྤྱི་དང་། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ་སོགས་རིག་པའི་གནས་ལྔའི་གཞུང་མང་དུ་མཛད་པར་གྲགས་སོ། །
དཔའ་བོ་ (4)
Part of speech མིང་ཚིག
Definition ནུས་པ་ལ་བལྟོས་ནས་བཏགས་པའི་བོང་ང་ནག་པོའི་མིང་གི་རྣམ་གྲངས་ཤིག་སྟེ། སྨན་གྱི་བྱིངས་ལས། གག་ལྷོག་གཟེར་སོགས་གཉན་ནད་རྣམས། ཐོག་མེད་འཇོམས་པར་ནུས་པའི་ཕྱིར། དེའི་ཕྱིར་བོང་ང་ནག་པོ་ལ། དཔའ་བོ་ཞེས་སུ་བཤད་པ་ཡིན། ཞེས་དང། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་རྒྱན་པའི་རྒྱན་ལས། དཔའ་བོ་ནི་བོང་ང་ནག་པོའི་མིང་སྟེ། དེ་ལ་ཅིའི་ཕྱིར་དཔའ་བོ་ཞེ་ན། གག་ལྷོག་སོགས་གནན་ནད་རིགས་ཐམས་ཅད་ཀྱི་གཉེན་པོ་བླ་ན་མེད་པའི་ཕྱིར་དཔེ་བོང་ང་དཔའ་བོའི་གཟུགས་སུ་བཀོད་པའོ། །ཞེས་གསུངས་པ་ལྟར་རོ། །
Domain གསོ་རིག