25883
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བརྒྱད་པའི་ཤིང་བྱི་ཕྱི་ལོ་ ༡༥༠༤ ལོར་ལྷ་ས་སྙེ་ཐང་དུ་ཡབ་བླ་མ་དར་དང་། ཡུམ་ལམ་སྙེད་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་བར་དགེ་བསྙེན་ཆ་ལུང་པས་སྐུ་གོང་མའི་སྐུ་ཕྲེང་གཉིས་པར་ངོས་འཛིན་གནང་། ལྷོ་བྲག་གྲོ་བོ་དགོན་པའི་ཁྲིར་མངའ་གསོལ། བླ་མ་རྟོགས་ལྡན་དགེ་འདུན་རྒྱ་མཚོ་ལས་ཡི་གེའི་སྦྱོར་ཀློག་བསླབས། ཞྭ་དམར་སྐུ་ཕྲེང་བཞི་པ་ལས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་བཅས་བསྒྲུབས། མཚན་ལ་མི་ཕམ་ཆོས་ཀྱི་རྒྱ་མཚོ་ཞེས་གསོལ། དྭགས་པོ་པཎྜི་ཏ་ལས་གསང་སྔགས་གསར་རྙིང་གི་ཆོས་མང་པོ་གསན། དབུས་སྨྱོན་ཧེ་རུ་ཀའི་དྲུང་ནས་ཕྱག་ཆེན་གྱི་ཁྲིད་རྣམས་གསན། ཞྭ་ལུ་ལོ་ཆེན་ལས་བསྙེན་པར་རྫོགས། ཀརྨ་མི་སྐྱོད་རྡོ་རྗེར་ཆོས་འབྲེལ་ཞུས། མཚན་ལ་དཔལ་གཙུག་ལག་ཕྲེང་བ་ཞེས་གསོལ། མདོ་སྔགས་རིག་གནས་ཀུན་ལ་སློབ་གཉེར་བླ་མ་འདི་ལས་མཛད། རབ་བྱུང་དགུ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༥༤༤ ལོར་ཆོས་འབྱུང་མཁས་པའི་དགའ་སྟོན་བརྩམས་འགོ་ཚུགས། རེ་གཅིག་པ་རབ་བྱུང་དགུ་པའི་ཤིང་བྱི་ཕྱི་ལོ་ ༡༥༦༤ ལོར་རྫོགས་པར་བརྩམས། འཆད་རྩོད་རྩོམ་གསུམ་གྱིས་དུས་འདས། རེ་གསུམ་པ་རབ་བྱུང་དགུ་པའི་མེ་སྟག་ཕྱི་ལོ་ ༡༥༦༦ ལོར་སྐུ་གཤེགས། གསུང་རྩོམ་ནི་ཕག་མོའི་རྣམ་བཤད་ཆེན་མོ་དང་། སྤྱོད་འཇུག་ཆེན་མོའི་འགྲེལ་བ། རྩིས་ཀྱི་བསྟན་བཅོས་རིན་ཆེན་གཏེར་མཛོད། གསོ་བ་རིག་པའི་རྒྱུད་བཞི་རྣམ་བཤད། སྨན་དཔྱད་ཟིན་བྲིས་སྙིང་པོ་བསྡུས་པ། རྡོ་ཞུན་གསལ་སྒྲོན་བཅས་མང་དུ་བཞུགས། |
Synonyms | མི་ཕམ་ཆོས་ཀྱི་རྒྱ་མཚོ། |
{{#arraymap:དཔའ་བོ་གཙུག་ལག་ཕྲེང་བ་
|; |@@@ | | }}