25933

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔའ་རེ་དཀོན་མཆོག་དམ་ཆོས་ཡར་འཕེལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ཕྱི་ལོ ༡༧༩༧ ལོར་མདོ་སྨད་སྦ་ནག་ཤོག་ཏུ་ཡབ་ཐོད་སྒྱིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་བར་སྐུ་གོང་མ་དཔའ་རེ་དཀོན་མཆོག་བདེ་ཆེན་གྱི་ཡང་སྲིད་དུ་ངོས་བཟུང་། གདན་སར་བཀོད། དྲུག་པར་རབ་ཏུ་བྱུང་། བཅུ་གཉིས་པར་ཆོས་གྲྭར་འཛུལ། ཡབ་རྗེ་དྷྭ་ཛ་ལས་བརྩི་བཞག་གསན། མི་སེར་བཟང་པོ་ལས་བསྡུས་གཞུང་སྦྱངས། བཅུ་དགུ་བར་སྨོན་ལམ་རབ་འབྱམས་པའི་དམ་བཅའ་བཞག། གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས། ཉེར་བརྒྱད་པར་ཨརྒེའི་ཁྲིར་བཞུགས། ཁྲི་བ་ལོ་གསུམ་རིང་མཛད། ཞེ་གསུམ་པར་དབུས་སུ་ཕེབས། རྒྱལ་བ་ཡབ་སྲས་དང་། ཇོ་ཁང་བཅས་ལ་མཆོད་འབུལ་མཛད། ཕྱིར་ཕེབས་ཏེ་བླ་བྲང་རྒྱུད་པའི་ཁྲིར་བཞུགས། འཆད་ཉན་བསྐྱངས། ཞེ་བདུན་པ་རབ་བྱུང་བཅུ་བཞི་པའི་ཆུ་ཡོས་ཕྱི་ལོ ༡༨༤༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིར་བཞུགས། ཁྲི་ཆེན་གོང་མའི་མཛད་སྒོ་མཐའ་དག་གོང་འཕེལ་དུ་བསྐྱངས། ཆོས་འཁོར་སྒར་དུ་ཤེར་ཕྱིན་གླིང་གསར་ཚུགས་ཀྱི་འཆད་ཉན་པ་ཡང་མཛད། རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་ཕྱི་ལོ ༡༨༦༠ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཞི་བཅུ་པ་ཡིན།

{{#arraymap:དཔའ་རེ་དཀོན་མཆོག་དམ་ཆོས་ཡར་འཕེལ་

|; |@@@ | | }}