25953

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔའ་སྡེ་གསུམ་ (1)
Part of speech མིང་ཚིག
Definition སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ནུབ་བྱང་ནས་བྱང་ཤར་བར་གྱི་ས་མཚམས་སྲུང་བའི་སྟོད་སྨད་བར་གསུམ་གྱི་དམག་སྡེ། དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང༌། ཞེས་པ། སྟོང་སྡེ་དྲུག་ཅུ་རེ་གཅིག་གི་ནང་བོད་ཀྱི་མཐའ་མཚམས་སྲུང་བ་དང༌། ཕྱི་དགྲའི་གནོད་འཚེ་འགོག་པར་དམིགས་བསལ་གྱི་བྱས་རྗེས་ཡོད་མཁན་དཔའ་བའི་དམག་སྡེ་གསུམ་ཡོད་པའི་དཔའ་བའི་དཔའ་ལུགས་སྐོར་བོད་ཀྱི་ལོ་རྒྱུས་ཡིག་ཚང་གྲགས་ཅན་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འདི་འདྲ་ཞིག་འཁོད་ཡོད་པ་སྟེ། རི་ཁྲང་སྟག་པ་གོང་གིས་ཡར་བཅད། མོན་དབྲལ་ཁ་བཞིས་མར་བཅད་ཀྱི་ཡུལ་དེ་ན་གནས་པའི་གུ་གེ་དང༌། ཅོག་ལ་གཉིས་ལ་སྡེ་ལྔ་ཡོད་པར་འབྲོ་ཁྱུང་མགར་སྣུབས་གཉན་ལྔས་དཔོན་བྱས། གྲུ་གུའི་རྒྱལ་པོ་གསེར་མིག་ཅན་གྱི་ཆུང་མ་ཧོར་མོ་བང་མདུང་ཅན་བྱ་བ་ནུ་མ་གཡས་པ་མེ་བཙས་བསྲེགས་ཏེ་འཇིགས་རྔམ་སྟོན་ཅིང༌། མདའ་སྤར་མོ་གསུམ་གྱི་མགོ་ཙམ་པ་འཕེན་པའི་ཚེ་ན་རྡོ་ལེབ་ལའང་ཅུར་ཏེ་འགྲོ་བ་འཇིགས་པ་ཅན་ལ་ཇི་མི་སྙམ་པར་འཐབ་ཚེ། དཔའ་མཚན་སྟག་གི་སྤྱིལ་བུ་ཕུབ། འོག་རྟ་གཡུལ་ས་དེ་ཁར་བསད། མགོ་སྐྲ་ཟིང༌། གདོང་པ་ཁྲག་གིས་བྱུགས་ཏེ་སླར་མི་ལྡོག་པའི་ཚུལ་བྱས་ནས་འཐབ་སྟེ་གྲུ་གུ་བཏུལ་བའི་དཔའ་རྟགས་བླངས་པ། བར་གྱི་སྟོང་སྡེ་ནི། རི་སྤེན་མ་ལུང་གིས་ཡར་བཅད། ཆ་སྐོར་དར་བས་མར་བཅད་ཀྱི་ཡུལ་དེ་ན། སྦས་སྡེ་བཅུ་གཉིས་གནས་པ་ནགས་ཤོད་ཀྱིས་དཔོན་བྱས། ལྗང་མོ་ཐག་མདུང་གིས་རྩེ་མོ་བཙུགས་ནས་དམག་གསེབ་ཏུ་འཇིགས་རྔམ་དང་བཅས་རྒྱུགས་པ་ལ་རྒོལ་བའི་ཚེ་དཔའ་རྟགས་སུ་རལ་གྲི་ལ་རི་མོ་བྲིས། དུར་རྒྱགས་ལྟོར་བཟོས། ཚེ་སློག་རྒྱབ་ཏུ་གོན་ཏེ། སླར་ཁྱིམ་དུ་མི་ལྡོག་པའི་ཆས་སུ་བྱས་ནས་རྒོལ་ཏེ་ལྗང་བཏུལ་བའི་དཔའ་རྟགས་བླངས་པ། སྨད་ཀྱི་དཔའ་སྡེ་ནི། རྨའི་སྤོམ་རས་མར་བཅད། བཀའ་ཐང་ཀླུ་ཚེས་ཡར་བཅད། ལོམ་ཤི་རྒྱ་མཁར་ལ་སོ་མཚམས་གཏད་པའི་ཡུལ་དེ་ན། གནས་པའི་མཐོང་ཁྱབ་སྲིད་སྡེ་དགུའི་སྟེང་དུ་འ་ཞ་སྡེ་དྲུག་བསྣན་པ་ལ། རྒྱའི་སོ་མཁར་བྱང་གི་བར་ལ་རྟ་པ་དགུ་སྒྲིལ་རྒྱུག་ཏུ་བཏུབ་པའི་ནང་ན། མི་སྤེ་ཐུང་ཙམ་པས་དགྲ་སྟའི་ཁ་ཁྲུ་རེ་ཙམ་ཐོགས་ནས། འཐབ་པའི་ཚེ། དཔོན་ལྡོང་སྟོང་གི་བུ་དོར་ཏེ་ཕྱུགས་མཚམས་ཀྱིས་དཔོན་བྱས་ནས། དཔའ་མཚན་དུ། རལ་གྲིའི་ཤུབས་བཅག ཁ་ཆེམས་གཉེན་ཉེ་ལ་བཞག བུ་སྨད་ཉེ་དྲུང་ལ་བཅོལ་ཏེ། སླར་དམག་ས་ནས་མི་ལྡོག་པའི་རྩིས་ཀྱིས་རྒོལ་ཏེ་རྒྱ་བཏུལ་བའི་དཔའ་རྟགས་བླངས། ལྡོང་སྟོང་གཉིས་ཀྱིས་གཏན་དུ་དགྲ་ཐུལ་བར་གྲགས་ཤིང༌། རྨུ་དང་སེས་མི་རབས་རེ་རེ་ལས་མ་ཐུབ་སྐད།
Domain ལོ་རྒྱུས།