26096
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་སའི་ལྷོ་ནུབ་མཚམས་ཀྱི་གོང་དཀར་རྫོང་ཁོངས་སུ་ཡོད་པའི་གནས་རི་གྲགས་ཅན་ཞིག་ཡིན། རི་ལྡེབས་སུ་ཆུ་མིག་བརྒྱ་རྩ་བརྒྱད་སོགས་ཁྱད་ཆོས་མང་པོ་ཡོད་པར་གྲགས་ཤིང༌། སྔར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རི་གཤམ་གྱི་གཙང་ཆུར་ལྕགས་ཀྱི་ཟམ་པ་བཙུགས་པས་ལྕགས་ཟམ་ཆུ་བོ་རིར་མིང་ཆགས། དགོན་པ་བཏབ་པ་ལ་ལྕགས་ཟམ་དགོན་པ་ཞེས་གྲགས་སོ། །དེ་སྔ་བོད་ཀྱི་རི་ཆེན་བཞི་ཞེས་བོད་དབུས་གཙང་གི་རི་བཞི་བགྲང་སྲོལ་ཡོད་པའི་ནང་གི་གཅིག་ཡིན། |