26148

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་བོ་ (1)
Part of speech མིང་ཚིག
Definition སྔགས་གཞུང་སྐོར། རྗེ་བཙུན་ཏཱ་ར་ནཱ་ཐས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་བོ་ལེའུ་ལྟར་བཏུས་པའི་གཞུང་ཞིག་སྟེ། གཞུང་དེའི་མཇུག་ཏུ། ཁ་ཆེའི་པཎ་ཆེན་གྲུབ་བརྙེས་ཟླ་བ་མགོན་པོ་དང་། འབྲོ་ལོ་ཙཱ་བ་ཤེེས་རབ་གྲགས་པས་བསྒྱུར་བ་ལ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་འགྱུར་བཅོས་མཛད། དེ་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དོལ་པོ་པར་གྲགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པའི་སྐུ་དེ་ཉིད་ཀྱི་གསུང་གི་གསང་བའི་རྗེས་སུ་འབྲངས་ཏེ། ལོ་ཙཱ་བ་བློ་གྲོས་དཔལ་དང་། བློ་གྲོས་རྒྱལ་མཚན་གྱིས་ཞུས་ཆེན་མཛད་པ་ལས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ལེགས་པར་བཏུས་པའོ། །ཞེས་དང་། འདིར་ནི་རྒྱུད་ཚིག་གཙོ་བོ་ཚང་བར་བསྒྲིགས། སྨན་དཔྱད་དོན་གྱི་གཙོ་བོ་མིན་པས་བཞག གཅེས་པ་ཐམས་ཅད་ཚང་བའི་སྙིང་བོ་ཡིན། ཞེས་བྱུང་། གཞུང་ཚད་ལ་ཚིགས་བཅད་ཉིས་བརྒྱ་ལྔ་བཅུ་ང་ལྔ་བཞུགས། འབྲུ་ཉེར་ལྔ་ཅན་གྱི་ཚིགས་བཅད་དུ་སྤེལ་འདུག ལེའུ་ཡང་རྒྱུད་ལྟར་ཁམས་ནང་དབང་སྒྲུབ་ཡེ་ལེ་སྟེ་ལྔ་བཞུགས། འབྲས་སྤུངས་དཔེ་རྙིང་དམ་རྒྱ་མ།
Domain ཆོས་ལུགས།