26216
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཆེན་པོ་ནག་པོས་མཛད་པའི་དཔལ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། སླད་ནས་པཎྜི་ཏ་སུ་མ་ཏི་ཀིརྟིའི་ཞལ་སྔ་ནས། བོད་ཀྱི་ལོ་ཙྪ་བ་ཨརྱ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུ་ཆེན་བགྱིས། འདི་དང་ཆོས་ཚན་(༠༣༤༣)པ་གཉིས་འགྱུར་གྱི་ཁྱད་པར་ཏེ། འདི་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་གཉིས་ལ་མི་བཞུགས། བསྟན་འགྱུར་རྒྱུད་ཝ་པར་བཞུགས། |