26256
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། དཔལ་མགོན་མ་ནིང་ནག་པོའི་བསྐང་གསོ་ཆེན་མོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། དཔལ་མགོན་མ་ནིང་བསྐང་གསོ་འདི༔ སློབ་དཔོན་ཆེན་པོས་གསུངས་པ་བཞིན༔ བདག་འདྲ་ནམ་མཁའི་སྙིང་པོས་བཀོད༔ དགེ་རིའི་བྲག་ལ་ཨ་ཐམ་རྒྱ༔ ཞེས་གསལ། དགེ་རིའི་བྲག་གི་གཏེར་མ༔ བདག་འདྲ་རཏྣ་གླིང་པས་ཤིང་ཕོ་བྱི་བའི་ལོ་རབས་ལ་གནུབས་གཡུ་མཚོའི་མགུལ་དུ་ཤོག་སེར་ལས་བཤུས་པའོ༔ ༔ཞེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་དགེ་རིའི་བྲག་ནས་གདན་དྲངས་པའི་ཤོག་སེར་ལས་ཕབ། འདིའི་ནང་དོན་ལ། བཀའ་སྲུང་མ་ནིང་ནག་པོ་འཁོར་བཅས་ལ་མདངས་ལྡན་རྫས་སྦྱོར་སྣ་ཚོགས་ཀྱིས་བསྐང་གསོ་བྱེད་ཆོག་བསྟན། |