26319
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་དཔལ་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་མའི་བདག་ཉིད་ཀྱི་དབང་བསྐུར་བའི་ཆོ་ག བལ་པོ་ཨཱ་ཙཱརྱ་ཛྙཱ་ན་བཛྲའི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཞང་ཞུང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། འདི་དང་ཆོས་ཚན་༠༤༢༣ པ་གཉིས་སྡེ་དགེ་པར་དང་། ཅོ་ནེ་པར་མ་ལ་བདེ་མཆོག་གི་སྐོར་ལ་འཁོད་པ་དང་། པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་རྒྱུད་གསར་བཅུག་གི་སྐབས་སུ་འཁོད་པའི་རྐྱེན་གྱིས་བསྟན་འགྱུར་དཔེ་བསྡུར་མ་ལ་བདེ་མཆོག་གི་སྐབས་དེ་དག་པེ་ཅིང་པར་མ་། སྣར་ཐང་པར་མ་ལ་མི་བཞུགས་ཞེས་སྡེ་དགེ་པར་མ་ཅོ་ནེ་པར་མ་ལ་དཔེ་བསྡུར་བྱས་ཏེ་བཀོད་པ་དང་། རྒྱུད་གསར་བཅུག་གི་སྐབས་ཆོས་ཚན་༢༥༡༠ ༢༥༠༨ པ་གཉིས་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་ལ་མི་བཞུགས་ཞེས་པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་དཔེ་བསྡུར་བྱས་ཏེ་བཀོད་པ་གཉིས་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་ཞ་པར་བཞུགས། |