26512

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔལ་ལྡན་དཔའ་བོ་ (1)
Part of speech མིང་ཚིག
Definition སློབ་དཔོན་དཔའ་བོ་སྟེ། རྒྱ་གར་ནུབ་ཕྱོགས་སུ་ཡབ་བྲམ་ཟེ་ཆེའི་སྨན་པ་ཆེན་པོ་སེང་གེ་གསང་བ་དང་། ཡུམ་རིན་ཆེན་དངོས་གྲུབ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བྲམ་ཟེའི་ཆོས་རིག་བྱེད་བཞི་དང་། རིག་བྱེད་ཀྱི་ཡན་ལག་བཞི། ཉེ་བར་ཡན་ལག་བཞི། ལས་དྲུག་སོགས་ལ་མཁས་པར་སྦྱངས། ཁྱད་པར་དུ་ཡབ་ལས་གསོ་བ་རིག་པ་བསླབས་པས་ཚེགས་མེད་དུ་མཁྱེན། ཕྱི་རོལ་བའི་བསྟན་པ་ལ་ཞུགས། གསུང་ཧ་ཅང་སྙན་པས་རྟ་དབྱངས་སུ་གྲགས། མུ་སྟེགས་རྟག་པ་སྨྲ་བའི་ལུགས་ལ་མཁས་པར་གྱུར་ནས་ནུབ་ཕྱོགས་ཀྱི་ནང་པའི་པཎྚི་ཏ་རྣམས་དང་བརྩད་པས་རྟ་དབྱངས་རྒྱལ་ཏེ་ནང་པའི་བསྟན་པ་བསྣུབས་ནས་ཕྱི་རོལ་པའི་ལུགས་སུ་བསྒྱུར། ལྷོ་ཕྱོགས་སུ་རྩོད་པར་ཕེབས་པ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཨརྱ་དེ་ཝའམ་འཕགས་པ་ལྷས་རྟ་དབྱངས་ཚར་བཅད་དེ་ནང་པའི་བསྟན་པ་ལ་བསྒྱུར། ཕྱིས་སུ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་ཞབས་ལ་གཏུགས་ཏེ་ནང་པའི་ཆོས་བཀའ་མང་པོ་གསན་པས། ཕྱི་ནང་གཉིས་ཀྱི་གྲུབ་མཐའ་དང་ཐུན་མོང་གི་རིག་གནས་གསོ་རིག་དང་སྙན་ངག་སོགས་ལ་ཤིན་ཏུ་མཁས་པར་གྲུར་པའི་གྲགས་པས་ས་སྟེང་ཁྱབ། མཚན་དཀོན་མཆོག་འབངས་ཞེས་གསོལ། སྔར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་ལས་བྱས་པ་རྣམས་བཤགས་པའི་ཆེད་དུ་སྟོན་པ་རིན་པོ་ཆེའི་སྐྱེས་རབས་ལ་བསྟོད་པ་བརྒྱ་རྩ་བརྒྱད་ཀྱིས་མཚོན་པའི་བསྟན་བཅོས་སྤྱི་དང་། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ་སོགས་རིག་པའི་གནས་ལྔའི་གཞུང་མང་དུ་མཛད་པར་གྲགས་སོ། །