26531

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔལ་ལྡན་འབྲུག་པའི་གདུང་རབས་ (1)
Part of speech མིང་ཚིག
Definition གྲུབ་ཆེན་གླིང་རས་པ་དང་། གཙང་པ་རྒྱ་རས་པ་ནས་བརྒྱུད་པའི་བཀའ་བརྒྱུད་ཀྱི་གདུང་རབས་ཏེ། འདིའི་ནང་གསེས་ལ་སྟོད་སྨད་བར་གསུམ་ཕྱེ་བའི་བར་འབྲུག་གི་རྒྱ་རས་ཀྱི་དཔོན་རྒྱུད་ཡིན་ལ། སློབ་མ་གཙོ་བོ་དང་བོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས། གཞན་རས་པ་གསུམ། རྣལ་འབྱོར་གསུམ། ཞིག་པོ་གསུམ་སོགས་མང་དུ་བྱུང་། གདན་སར་དཔོན་རས་དར་མ་སེང་གེ་བཞུགས་ཤིང་། དེ་ནས་དཔོན་རྒྱུད་རིམ་པར་བྱོན་པ་ལས་འཕྲིན་ལས་ཆེ་བ་རྒྱལ་དབང་ཆོས་རྗེ་ཡིན་ལ། དེའི་སློབ་མ་ལྷ་རྩེ་བ་ངག་དབང་བཟང་པོ་དང་། དེ་ནས་སྙན་ངག་མཁན་པོ་སངས་རྒྱས་རྡོ་རྗེ། བོད་མཁས་པ་སོགས་སློབ་བརྒྱུད་བཟང་པོ་མང་དུ་འཕེལ། ཁྱད་པར་དུ་མཁས་པར་གྲགས་པ་པདྨ་དཀར་པོས་བསྟན་བཅོས་མང་དུ་བརྩམས། དེའི་སྐྱེ་བོ་དཔག་བསམ་དབང་པོ་སོགས་བྱོན། གཞན་ཡང་གཙང་སྨྱོན་དབུས་སྨྱོན་དུ་གྲགས་པ་གཉིས་དང་། འབྲུག་སྨྱོན་ཀུན་ལེགས་སོགས་གྲུབ་ཐོབ་ཡ་མཚན་བྱུང་ཞེས་ཐུའུ་བཀྭན་གྲུབ་མཐའ་ལས་གསུངས། སྨད་འབྲུག་ནི། རྒྱ་རས་པའི་སློབ་མ་ཐ་མ་ཆེ་བ་ལོ་རྒོད་གཉིས་ཀྱི་ཡ་གྱལ་རྒྱལ་བ་ལོ་རས་པ་དང་དེའི་སློབ་མ་འཇམ་དབྱངས་མགོན་པོ་སོགས་ལས་རིམ་བརྒྱུད་དེ་དར་བར་གྱུར། སྟོད་འབྲུག་ནི། རྒྱ་རས་པའི་སློབ་མ་ཐ་མ་ཆེ་བ་ལོ་རྒོད་གཉིས་ཀྱི་ཡ་གྱལ་རྒོད་ཚང་པ་མགོན་པོ་རྡོ་རྗེ་དང་དེའི་སློབ་མ་རྒྱལ་བ་ཡང་དགོན་པ་སོགས་ལས་བྱུང་ངོ་། །

{{#arraymap:དཔལ་ལྡན་འབྲུག་པའི་གདུང་རབས་

|; |@@@ | | }}