26548

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཔལ་ལྡན་རྡོ་རྗེ་འཆང་བཅུ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། འཇམ་དཔལ་མཚན་བརྗོད་ཀྱི་སྐབས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པའི་དོན་ལ། རྫོགས་ཆེན་སྤྱི་ཏི་ཡོ་གའི་ལུགས་ལྟར་རྒྱུད་ཚིག་འབྲུ་གཉེར་གྱིས་རྣམ་པ་བཅུར་བཀྲལ་ཏེ། ཉི་ཟླ་འབར་བའི་སྒྲོན་མ་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ལ་འབྲུ་བཅུ་ཐམ་པས་བཤད་དེ། རྒྱུ་མཚན་ཉིད་ཀྱི་གསུམ། ཕྱི་ཐུབ་པ་རྒྱུད་ཀྱི་གསུམ། ནང་པ་ཐབས་ཀྱི་རྒྱུད་ཀྱི་གསུམ་སྟེ་དགུའོ། །དེ་ལ་སྤྱི་ཏི་ཡོ་གས་འཕགས་པ་དང་བཅུར་འབྲུ་གཉེར་རོ། །ཞེས་གསུངས་པ་ལྟར། དབྱེ་བ་རྣམ་པ་བཅུ་སྟེ། རྒྱུ་མཚན་ཉིད་ཐེག་པའི་དཔལ་ལྡན་རྡོ་རྗེ་འཆང་གསུམ་དང་། ཕྱི་རྒྱུད་སྡེ་གསུམ་གྱི་དཔལ་ལྡན་རྡོ་རྗེ་འཆང་གསུམ་དང་། ནང་རྒྱུད་སྡེ་གསུམ་གྱི་དཔལ་ལྡན་རྡོ་རྗེ་འཆང་གསུམ་དང་། སྤྱི་ཏི་ཡོ་གའི་དཔལ་ལྡན་རྡོ་རྗེ་འཆང་བཅས་བཅུའོ། །
Domain [ཆོས་ལུགས།, ལྟ་གྲུབ།]